ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༡༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་དབྱིན་ཇི། ཨོ་གླིང་གི་བདེ་འཇགས་གྲོས་མཐུན་དང་། བོད་པའི་སྤྱི་ཚོགས་སུ་ཏོག་ནད་ཁྱབ་ཚད། རྒྱ་ནག་དང་པ་ཀི་སི་ཐན་གྱིས་ཏ་ལི་བྷན་ལ་རྒྱབ་སྐྱོར། འཇར་མན་གྱི་འོས་བསྡུའི་ཁྲོད་སྐྱབས་བཅོལ་བའི་གནད་དོན། བོད་པ་སུད་འཚོང་བའི་བུ་ཕྲུག་ལ་བོད་ཁྱིམ་གྱིས་ལྟ་སྐྱོང་། ཨུ་རུ་སུའི་འོས་བསྡུ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་དཔེ་མཛོད་ཁང་གི་གསལ་བཤད། རོལ་རྩེད་ཅིག་ཏུ་བོད་ཀྱི་རྒྱལ་དར་མངོན་པར་དྲ་དམག དྲ་ལམ་གྱི་ཞིབ་འཇུག་ཚོགས་འདུ། ༢༠༢༡་ལོའི་བོད་དོན་ཞུ་གཏུག་ལ་མཉམ་ཞུགས་བྱེད་སྟངས། ༼སྐྱོ་བའི་མིག་ཆུ་རིང་མོ་༽ཞེས་བོད་གཞས་ཤིག་བཅས་ཕུལ་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བོད་ཡིག་ནས་དབྱིན་ཇིར་ཏུ་སྒྱུར་གྱི་ཡོད་པའི་ལས་གཞི་དང་། ལོ་ཙཱ་བའི་ཆ་རྐྱེན། དཔལ་འབྱོར་གྱི་འགྲོ་གྲོན་སོགས་ལ་འཕགས་ཡུལ་རྫོང་གསར་བཤད་གྲྭའི་མཁན་པོ་ལས་ཟུར་དང་བརྒྱད་ཁྲི་བཞི་སྟོང་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མཁན་པོ་ཆོས་དབྱིངས་རྡོ་རྗེ་དང་ཨ་རི་བ་འབུམ་རམས་སློབ་གཉེར་བ་བྷོབ་མཱི་ལར་རམ། ལོ་ཙཱ་བ་བློ་བཟང་བཟོད་པ་གཉིས་གདན་འདྲེན་གྱིས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG