ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༠༥

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༦ ཚེས་༡༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་དེ་ཡུ་རོབ་མནའ་འབྲེལ་ཁོངས་སུ་ངོས་ལེན་གྱི་རྒྱབ་སྐྱོར་དང་། ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པའི་མཇུག་འབྲས། རྒྱ་ནག་གིས་རྒྱལ་མཚམས་བརྒལ་ཏེ་གཉའ་གནོན་བྱེད་པའི་ཉན་ཞིབ། ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་ཉན་ཞིབ་སོགས་ཡོད། དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལས་རིམ་ནང་ཆབ་སྲིད་བཙོན་པ་མགར་རྩེ་འཇིགས་མེད་ལགས་ངོ་སྤྲོད་ཞུས་ཡོད། ཁོང་ནི་བརྩམས་ཆོས་མང་པོ་ལ་བརྟེན་ནས་༢༠༡༣ ལོར་འཛིན་བཟུང་དང་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱལ་ལགས་གཉིས་དང་ལྷན་རྒྱ་ནག་དམར་ཤོག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG