ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༡༣

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༡༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་གནང་བཞིན་པ་དང་། སྲིད་སྐྱོང་ལ་གཟིམ་ཆུང་མཇལ་ཁ་སྩལ་བ། སྲིད་འཛིན་བྷ་ཌན་གྱིས་རླུང་འཚུབ་གོད་ཆག་ཕོག་སར་གཟིགས་ཞིབ། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཤ་ཡར་འཚམས་གཟིགས། ༢༠༢༡ ལོའི་ཨ་རིའི་ཕྱི་སྲིད་ལ་ཕྱིར་མིག་བལྟས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྩོམ་པ་པོ་སྒོ་ཤེར་ལ་ཁྲིམས་ཆད་བཅད་པར་དྲྭ་ལམ་དུ་གླེང་སློང་མང་པོ་ཡོང་བཞིན་པ་ཕྱོགས་སྒྲིག་དང་། རྩམ་པ་དང་བོད། བརྡ་འཕྲིན་ཤེས་བྱའི་ལྟེ་གནས། དང་བླང་གི་བོད་དོན་ཞུ་གཏུགས་ལས་འགུལ་སོགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་དང་ཀི་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་བསྟན་འཛིན་རྡོ་རྗེ་ལགས་དང་། ཁྲིམས་ལུགས་སྐོར་གྱི་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་གཉིས་དང་ལྷན་རྒྱ་ནག་གི་མི་སེར་སྤེལ་ཡུལ་ལམ་ལུགས་འོག་ཏུ་ཚུད་ཡོད་པའི་བོད་ནང་གཞི་རྒྱ་ཆེ་བའི་རྒྱ་མིའི་བཅའ་སྡོད་སློབ་གྲྭ་བཙུགས་ཡོད་པའི་སྐོར་ལ་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG