ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༨

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༡ ཚེས་༡༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་གོད་ཆག་ཉེན་སྐྱོབ་ཚོགས་པར་སྙིང་རྗེ་དང་བརྩེ་བའི་བཀའ་སློབ་སྩལ་བ་དང་། སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གི་མཇལ་མོལ། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ། གནམ་གཤིས་ཚོགས་ཆེན་གྱི་གྲུབ་དོན། ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་བསྐོ་གཞག་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱིས་གཟའ་ཟླ་བའི་ཉིན་ཐེངས་དང་པོར་དྲྭ་ལམ་འབྲེལ་མོལ་གནང་པའི་དོན་སྙིང་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད། དེ་བཞིན་དུ་སྐལ་བཟང་འཇིགས་མེད་ཀྱིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལ་སྤྱི་ཟླ་༡༡ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་དང་སྟབས་བསྟུན་དབུ་འབྱེད་བྱས་པའི་བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG