TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༡༦
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་བོད་མི་ཁག་ཅིག་བཀག་ཉར་བྱས་པ་དང་། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་པ། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་དང་རིམས་ནད། ཏོག་ནད་འགོས་ཚད་ཀྱི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྷ་ལུང་པ་བསམ་འཕེལ་ལགས་ལ་མངའ་སྡེ་ཨོན་ཊེ་རོའི་ནང་གི་བོད་ཀྱི་རིག་གཞུང་གཅེས་ནོར་ཟླ་བ་ཞེས་པའི་ལས་དོན་ཐད་བགྲོ་གླེང་ཞུས་ཡོད་པ་དང་། ཚེ་རིང་སྐྱིད་ལགས་ཀྱིས་འབུམ་རམས་སློབ་གཉེར་བ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ལ་བོད་རིག་པའི་འཕེལ་རིམ་དང་གནས་བབ་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།