TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༡༦
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནི་ཉེན་ཁ་ཞིག་ཏུ་མཐོང་བཞིན་པ་དང་། སྲིད་འཛིན་བྷ་ཌན་དང་ཨུ་རུ་སུའི་འགོ་ཁྲིད་ཀྱི་མཇལ་འཕྲད། བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་ནད་འགོག་ཁབ་ལ་ཤུགས་སྣོན། རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་གལ་གནད་ཆེ་བ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གི་ཚོགས་མི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་བཙན་བྱོལ་བོད་མི་ཚོར་ཏོག་ནད་འགོག་ཁབ་བརྒྱབ་དང་རྒྱག་བཞིན་པའི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་དབྱིན་ཡུལ་དུ་འཚོགས་པའི་ཡུ་གུར་མི་རིགས་གཙང་སེལ་ཐད་ཀྱི་ཁྲིམས་ཞིབ་ལྷན་ཚོགས་ཐད་སྡུག་སྦྱོང་ཕོག་མཁན་བོད་དང་གྲངས་ཉུང་མི་རིགས་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་ཚེ་རིང་པ་སངས་ལགས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།