TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དགེ་འདུན་པ་ཁག་ཅིག་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་གནང་བ་དང་། བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས། ཕྱི་འབྲེལ་གྱི་ལམ་ནས་ཡུག་ཀེ་རན་ནང་གི་དམག་འཁྲུག་མཚམས་འཇོག་ཡོང་ཐབས། འཛམ་གླིང་གང་སར་བུད་མེད་སྒེར་ལངས་དུས་དྲན་ཉིན་མོ་སྲུང་བརྩི། རྒྱ་ནག་ཏུ་ཏོག་ནད་ཁྱབ་གདལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་གདན་འདྲེན་ཞུས་ཏེ་བཀའ་ཤག་སྐབས་༡༦ པས་གསུམ་བཅུའི་དུས་དྲན་ཐེངས་༦༣ པར་སྩལ་བའི་བསྒྲགས་གཏམ་ལ་དབྱེ་ཞིབ་བྱས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་བྱེས་ཀྱི་རྒྱུད་སྟོད་གྲྭ་ཚང་དཔེ་མཛོད་ཁང་གི་འགན་འཛིན་རྒན་བློ་བཟང་ཀླུ་སྒྲུབ་ལགས་ལ་དཔེ་མཛོད་ཁང་དེའི་ལས་གཞི་གསར་པ་དང་སྤྱི་ཡོངས་ཀྱི་མཐུན་རྐྱེན་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།