ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༡༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་གྱི་དཀའ་རྙོག་ཐད་འགྱུར་བ་ཐོན་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གསལ་བསྒྲགས་བྱས་པའི་དུས་དྲན། ཁེ་ན་ཌའི་དོས་སྐྱེལ་རླངས་འཁོར་ཁ་ལོ་བའི་ངོ་རྒོལ། ཧོང་ཀོང་དུ་ཏོག་ནད་དཀའ་ངལ། བཞུགས་སྒར་དུ་ཏོག་ནད་སྒྲིག་ཁྲིམས་ལྷོད་ཡངས། ཨབ་གྷ་ཎི་སི་ཐན་གྱི་གནས་སྟངས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་འདས་པའི་ཟླ་ངོ་གསུམ་ཙམ་རིང་ཡུ་རོབ་ཀྱི་རྒྱལ་ཁབ་༡༥ ལྷག་ནང་བོད་དོན་ལས་འགུལ་སྤེལ་བའི་ཐད་བགྲོ་གླེང་ཞུས་ཡོདད། དེ་བཞིན་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་མཁས་ལས་པ་བསྟན་འཛིན་སྦྱིན་པ་ལགས་ལ་འགྲེམས་སྟོན་ཁང་དེའི་གལ་གནད་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG