ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༥/༡༡

TV Schedule

༢༢:༠༠ - ༢༢:༣༠

ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༡༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དཔལ་ལྷའི་དུས་ཆེན་ནམ་དཔལ་ལྷའི་གསོལ་མཆོད་ཀྱི་ངོ་བོ་འགྱུར་བཞིན་པ་དང་། ཧྥ་རན་སིའི་ནང་ཞི་བདེའི་གཟེངས་རྟགས་དུས་ཆེན་སྲུང་བརྩི་ཞུས་པ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གནས་དབྱུང་བཏང་བ། ཊམ་གྱི་གཞུང་གསར་པས་རོགས་དངུལ་གནང་ཕྱོགས་ལ་བསྐྱར་ཞིབ་བྱ་རྒྱུ་སོགས་ཡོད། ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་རྡོ་རྗེ་ཕུན་ཚོགས་ལགས་དང་ལྷན་དུ་འདས་པའི་ལོ་ངོ་བཅུ་གཉིས་རིང་གི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཉེ་ལམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས་བོད་མིའི་ཚོགས་པ་དང་སྒེར་པའི་ཐོག་ལ་དྲ་ཐོག་ནས་འཕྲད་པའི་དཀའ་ངལ་དང་འབྲེལ་ནས་དྲ་ཐོག་ནས་སུན་གཙེར་དང་། དྲ་ཐོག་ནས་སོ་ལྟ་ཞེས་པའི་སྙན་ཐོ་གཉིས་བཏོན་གནང་ཡོད་པ་དེའི་དགོས་པ་དང་གྲུབ་དོན་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས།

XS
SM
MD
LG