ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༡༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེས་གྲོས་ཚོགས་སུ་ཨབ་གྷ་ཎི་སི་ཐན་ཐད་གསལ་བཤད་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ། རྫ་དབོན་པོ་རུ་བོད་མི་མང་པོ་སྡེབ་འཛིན་དང་དམ་དྲག པ་ལི་སི་ཐན་ལ་དཔལ་འབྱོར་རོགས་སྐྱོར། དགུ་བའི་བཅུ་གཅིག་དོན་རྐྱེན་བྱུང་ནས་ལོ་༢༠ འཁོར་བའི་རྗེས་དྲན་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བོད་པའི་སློབ་གྲྭ་ཁག་རྩིས་ལེན་རྩིས་སྤྲོད་ཀྱི་གནས་སྟངས་དང་། མ་འོངས་མདུན་བསྐྱོད་ཀྱི་འཆར་སྣང་། ཕྲུ་གུའི་ཤེས་ཡོན་ཡར་རྒྱས་དང་དགེ་རྒན་ལས་བྱེད་ཀྱི་དཀའ་ངལ་སེལ་ཐབས། གཞན་ཡང་འཛིན་སྐྱོང་དང་ཆབ་སྲིད་དང་འབྲེལ་བའི་འགྱུར་བ་ཁག་ཅིག་དང་སྒོས་སུ་ད་ལྟའི་སྤྱི་འཐུས་ལྷན་ཚོགས་འཚོག་མི་ཐུབ་པའི་གནད་དོན་ཐད་འཛིན་སྐྱོང་གི་བཞེངས་ཕྱོགས་ལ་འགྱུར་བ་ཡོད་མེད་སོགས་གནད་དོན་གལ་ཆེ་ཁག་ཅིག་སྐོར་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG