TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༧ ཚེས་༡༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་པ་དང་། ཨ་རིའི་གྲོས་ཚོགས་སུ་བོད་དོན་གྲོས་འཆར་གསར་པ་ཞིག་བཏོན་པ། ཨ་རིའི་སྲིད་འཛིན་གྱི་འཛམ་གླིང་དཀྱིལ་ཤར་ས་ཁུལ་འཚམས་གཟིགས། སིངྒ་ལའི་ཆབ་སྲིད་ཀྱི་ཟིང་ཆ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ནང་པའི་ཞལ་འདོན་གྱི་ཁ་པར་བཀོལ་ཆས་དང་། ཉི་ཧོང་སྲིད་བློན་ཟུར་བ་བསད་པར་རྒྱའི་དྲ་མང་གི་དགའ་སྟོན། གཞས་མ་ཆུང་ཆུང་དྭངས་གསལ་ལྷ་མོའི་གཞས་ཤིག་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལས་རིམ་ནང་ཕྱི་ལོ་ ༢༠༡༥ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་རྔ་བ་ཁུལ་གྱི་གྲྭ་འབྲུག་སྒྲ་སོགས་བོད་མི་དགུ་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་སྐོར་༧གོང་ས་ཏཱ་ལའི་བླ་མ་དགེ་རྩའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།