TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༡༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་ནང་གི་རླུང་འཚུབ་གོད་ཆག་ཕོག་མཁན་རྣམས་ལ་ཐུགས་གསོ་དང་། ཐེ་ཝན་གྱི་དད་ལྡན་རྣམས་ལ་བཀའ་སློབ། པེ་ཅིང་ཨོ་རྩེད་ལ་ཕྱི་འབྲེལ་ངོ་རྒོལ་བྱེད་མཁན་རྣམས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོས་དགའ་བསུ། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཤེ་ཡར་འཚམས་གཟིགས་གནང་བཞིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། ཀི་ལོམ་བྷོ་ཡ་གཙུག་ལག་མཐོ་སློབ་ཏུ་འབུམ་རམས་སློབ་གཉེར་གནང་མཁན་ཚེ་དབང་རིག་འཛིན་ལགས་རྣམ་གཉིས་དང་ལྷན་ཨ་རིས་གོ་སྒྲིག་བྱས་པའི་དམངས་གཙོའི་ཚོགས་ཆེན་གྱི་གྲུབ་དོན་དང་མ་འོངས་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཐེངས་འདིའི་ཀུན་གླེང་དུ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཆེད་དུ་རྒྱ་གར་ལ་བསྐྱོད་དེ་བཟོས་པའི་སྟོན་པའི་ཞབས་རྗེས་ལས་རིམ་ལས་ཆོས་སྡེ་ཆེན་པོ་དཔལ་ནཱ་ལེནྡྲའི་ངོ་སྤྲོད་ཀྱི་ཚན་པ་དེ་གཟིགས་འབུལ་ཞུ་རྒྱུ་ཡིན་པས་གསན་གཟིགས་གནང་མཁན་ཡོངས་ཀྱིས་དུས་ཐོག་གསན་གཟིགས་གནང་བར་ཞུ།།