ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༡༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྱམས་བརྩེ་དང་འདྲ་མཉམ། ཤེས་ཡོན་ཐད་ལམ་སྟོན་གནང་བ་དང་། ཨི་རན་གྱི་རྡུལ་ཕྲན་ལ་དོ་སྣང་། དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་གི་དཀའ་ངལ། འཛམ་གླིང་ཚོང་ལས་ལ་གཅིག་གྱུར་དཔྱ་ཁྲལ་འགེལ་རྒྱུ། སྟོབས་ལྡན་རྒྱལ་ཁབ་ཉི་ཤུས་ཨབ་བྷ་ཎི་སི་ཐན་ལ་རོགས་སྐྱོར་ཁས་ལེན་བྱས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་གསར་ཁང་ཞིག་གི་དྲྭ་ལམ་དུ་༧གོང་ས་མཆོག་གི་དགོངས་པ་ངོ་སྤྲོད་དང་། སྦེལ་ཇེམ་གྱི་དེབ་ལྗང་ཁུའི་ཉིན་མོ། སྲོང་བཙན་དཔེ་མཛོད། སྐྱིད་འཛོམས་དང་མཉམ་དུ་དབྱིན་ཡིག་སྦྱོང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལ་ཧེན་ཏྭ་བཟོ་ཚོང་ཁང་དང་རྒྱ་ནག་གི་དཔལ་འབྱོར་ཐད་བཅར་འདྲི་ཞུས་པ་དང་། བསྟན་འཛིན་ནོར་བཟང་ལགས་ཀྱིས་ཉེ་ཆར་མཇུག་སྒྲིལ་མ་ཐག་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG