TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༡༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་སྩལ་བ་དང་། དིང་རིར་དགེ་འདུན་པ་བཞི་ལ་ཁྲིམས་ཆད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སུ་ཡིན་སྲིད་པ་དང་། ཀུ་བྷའི་ནང་གི་ངོ་རྒོལ། ཨ་རིའི་དམག་དཔུང་ཨབ་གྷ་སི་ཊན་ནས་ཕྱིར་འཐེན། འཛམ་གླིང་མི་འབོར་སོགས་ཀྱི་གསར་འགྱུར་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ད་ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་རྒྱ་གཞུང་གི་ལས་བྱེད་ཟུར་པ་ཚེ་རིང་ཟླ་བ་ལགས་ལ་བོད་ནང་གི་གནས་སྟངས་ཐད་བཅར་འདྲི་ཞུས་པ་དང་། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་དཀོན་མཆོག་རྡོ་རྗེ་ལགས་ལ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་དགོས་པའི་གནད་འགག་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།