ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༡༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་༢༠༢༡ ལོའི་ལོ་འཁོར་སྙན་ཐོ་དང་། ཨུ་རུ་སུའི་གནད་དོན་ཐད་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཡུ་རོབ་སྤྱིས་དོ་སྣང་བྱེད་བཞིན་པ། ཨ་རིའི་འོས་བསྡུ་ཐོབ་ཐང་ཁྲིམས་གཞི། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་ནད་ཁྱབ་ཚད། གྷི་རིག་གི་གྲུ་ཁར་རྒྱ་ནག་གི་ཤུགས་རྐྱེན་སོགས་ཡོད། དྲ་སྣང་གི་བོད་དུ་བོད་པས་བཟོས་པའི་གངས་དབྱངས་ཐད་གཏོང་བཀོལ་ཆས་དང་བླ་མཁར་ཞེས་པའི་ལོ་རྒྱུས་འཆད་ཁྲིད་ཀྱི་རྒྱུད་ལམ། ནགས་ཚང་ཞི་ལུའི་སྐྱིད་སྡུག་ཉི་ཧོང་སྐད་དུ་དཔར་སྐྲུན། སཱི་ཤེས་ཡོན་ཁྱབ་སྤེལ་གྱི་རིན་མེད་ཟབ་སྦྱོང་སོགས་འདུས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་འོག་མ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་ར་ཛེ་ཡར་བོད་དོན་སོགས་ལ་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་ཡོད། དེ་བཞིན་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ལ་རྒྱ་ནག་གིས་ས་ཆའི་བདག་དབང་ཆེད་དུ་ལོ་བསྟུད་མར་ས་མཚམས་ནས་རྒྱ་གར་ལ་ཚུར་རྒོལ་དང་དྲིལ་བསྒྲགས་འདྲ་མིན་ཞིག་བྱེད་བཞིན་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ཐད་བགྲོ་གླེང་ཞུས་ཡོད།

XS
SM
MD
LG