ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༦/༡༣

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༡༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་སྐུ་གཟུགས་འཕྲོད་བཞེས་ཀྱི་བརྟག་དཔྱད་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ་དང་། ཨེ་སི་རལ་དང་ཧ་མ་སི་ཡུལ་དམག་བར་གྱི་དམག་འཁྲུག་གི་གནས་སྟངས་དང་རྒྱ་ཁྱབ་འགྲོ་ཉེན། རྒྱུད་གཅིག་ལམ་གཅིག་དང་ཡུ་རོབ། བོད་པའི་བཙན་རྒོལ་རྒྱལ་སྐྱོབ་དང་འབྲེལ་བའི་འགྲེམས་སྟོན་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་གདན་འདྲེན་ཞུས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་སྐུལ་གནང་བ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་གདན་འདྲེན་ཞུས་ནས་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ཀྱི་ཚོགས་གཙོ་འདེམས་བསྐོ་བྱེད་ཐུབ་ཀྱི་མེད་པའི་འགག་རྩ་དང་ཨ་རིའི་ཕྱི་ནང་གི་ལས་དོན་ཁག་ལ་དོ་ཕོག་ཅི་ཙམ་ཐེབས་རྒྱུ་ཡིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG