TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༡༢
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་གྱི་བོད་མིའི་སྤྱི་ཚོགས་ནང་གི་ཏོག་ནད་ཀྱི་གནས་སྟངས་དང་། བལ་ཡུལ་གྱི་ཚབས་ཆེའི་གནས་སྟངས། ཡུ་རོབ་མནའ་འབྲེལ་དང་རྒྱ་ནག་གི་ཚོང་འབྲེལ། འབར་མའི་སྲིད་འགྱུར་བྱུང་ནས་ཉིན་༡༠༠ འཁོར་བ། རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་འཕྲོས་དོན་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གི་ཚོགས་མི་དང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཏོག་ནད་ཀྱི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད། བསོད་ནམས་གཡང་འཛོམས་ལགས་ཀྱིས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རིམས་ནད་ཀྱི་དཀའ་ངལ་སེལ་ཆེད་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེར་སྤེལ་བཞིན་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།