TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༡ ཚེས་༡༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གནམ་གཤིས་ཚོགས་ཆེན་ཐོག་ཨ་རི་དང་རྒྱ་ནག་གིས་ཟུང་འབྲེལ་གསལ་བསྒྲགས་སྤེལ་བ་དང་། རྒྱ་ནག་གི་དམར་ཤོག་ཚོགས་ཆེན་མཇུག་སྒྲིལ། རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་མོལ་ལ་ལན་འདེབས། རྒྱ་བལ་འབྲུག་གསུམ་ནང་གི་ས་གནས་འགོ་འཛིན་ཚོགས་ཆེན། ལ་དྭགས་བོད་ཁྱིམ་གྱི་ཏོག་ནད་ཁྱབ་ཚད་སོགས་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོས་རེས་གཟའ་ཕུར་བུ་ཉིན་ལ་མཇུག་སྒྲིལ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཞེས་པའི་གལ་གནད་དང་ཤུགས་རྐྱེན་སོགས་ཀྱི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་བགྲོ་གླེང་ཞུས་ཡོད་པ་དང་། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ཀྱིས་ཉེ་ཆར་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་དམག་དཔུང་རྒྱ་སྐྱེད་དང་སྟོབས་ཤུགས། སྲུང་སྐྱོབ་ཀྱི་གནད་འགག་སོགས་བསྡུས་པའི་སྙན་ཐོ་ཞིག་བཏོན་པའི་ནང་དོན་གཙོ་ཆེ་ཁག་གི་ཐད་ཀོ་ལིམ་བྷི་ཡ་གཙུག་ལག་མཐོ་སློབ་ཀྱི་ཚེ་དབང་རིག་འཛིན་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།