TV Schedule
༢༢:༠༠ - ༢༣:༠༠
ཀུན་གླེང་། ༢༠༢༤ ལོའི་ཟླ་༡ ཚེས་༡༢
དེ་རིང་གི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཐེ་ཝན་གྱི་འོས་བསྡུ་དང་ས་ཁམས་ཆབ་སྲིད་དང་། ཐེ་ཝན་གྱི་འོས་བསྡུ་དང་ཧོང་ཀོང་གི་བཙན་བྱོལ་བ། འབར་མའི་དམག་མི་བཞི་བརྒྱ་ལྷག་རྒྱ་གར་ས་ཐོག་ལ་འཛུལ་ཡོང་ཡོད་པ། བལ་ཡུལ་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་སོགས་ཀྱི་གསར་འགྱུར་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་གཟའ་སྤེན་ཉིན་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་ཡོད་ཅིང་། ད་ལོའི་འོས་བསྡུའི་འགྲན་རྩོད་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ། ཨ་རི་དང་རྒྱལ་སྤྱིའི་ཐོག་ཏུ་ཐེབས་པའི་ཤུགས་རྐྱེན། ཐེངས་འདིའི་འོས་འདེམས་དང་ཐེ་ཝན་གྱི་འོས་བསྡུ་སྔོན་མ་ཁག་ལ་མ་འདྲ་བའི་ཁྱད་པར་ཅི་ཡོད་སོགས་ལ་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུ་རྒྱུ་ཡིན།