TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༡༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་བདེ་འཇགས་གྲོས་མོལ་དང་། རྒྱ་གར་དུ་རྒན་རྒོན་རྣམས་ལ་ཏོག་དབྱིབས་ནད་དུག་གི་ནུས་སྐྱེད་སྨན་ཁབ་རྒྱག་བཞིན་པ། རྒྱ་ནག་ཏུ་ཏོག་ནད་ཁྱབ་གདལ་དང་གྲོང་ཁྱེར་སྒོ་རྒྱ་བསྡམས་བཞིན་པ། ཁ་ཛག་སི་ཐན་གྱི་གནས་སྟངས། ཕག་པའི་སྙིང་ནད་པ་ཞིག་ལ་སྤོ་འཛུགས་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ལོ་༡༥་ལྷག་ལ་བོད་དུ་སློབ་གསོའི་ཕྱག་ལས་གནང་བའི་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་དུ་རྒྱ་ནག་དམར་ཤོག་གཞུང་གི་སློབ་གསོའི་ལམ་ལུགས་འོག་ལོ་༦༠་ལྷག་ལ་བོད་ནང་གི་སློབ་གྲྭ་ཁག་དང་སློབ་གསོའི་ཁ་ཕྱོགས་དང་འགྱུར་ལྡོག བཀག་སྡོམ་དང་རེ་ལྟོས་བར་གྱི་བོད་ཀྱི་སློབ་གསོའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།