ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༡༡

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་བྷ་ཌན་གྱི་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དེ་ཡུ་རོབ་ཏུ་ཕེབས་ནས་ཚོགས་འདུར་མཉམ་ཞུགས་གནང་བ་དང་། ཏོག་ནད་ཀྱིས་ཧི་མ་ལ་ཡའི་གྲོང་གསེབ་ཁག་ཏུའང་དཀའ་ངལ་བཟོས་ཡོད་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འགོག་ཁབ་གྲངས་ཐོ་བསྡུ་རུབ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་རྩོམ་རིག་དྲ་ཚིགས་ཆེ་ཤོས་བཀག་སྡོམ། རྒྱའི་དྲ་དམག་གི་འཐབ་ཇུས་དང་གྲངས་འབོར་གྱི་སྙན་ཐོ་གསར་པ། བོད་ཀྱི་སྐད་ཡིག་སྦྱང་སའི་བཀོལ་ཆས་App་གསར་པ་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་ཉི་མ་གསར་ཤོག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་དང་སྤྱི་འཐུས་ཀྱི་དམ་འབུལ་ཞུ་སྟངས་མ་འདྲ་བ་གཉིས་བྱུང་བའི་ཐད་བགྲོ་གླེང་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་སྲིད་འཛིན་ཇཱོ་བྷ་ཌན་གྱི་ཡུ་རོབ་སྐོར་སྐྱོད་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG