ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༧/༡༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༡༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་སྒེར་ལངས་ཉིན་མོ་ཐེངས་༦༣ པ་སྲུང་བརྩི་གནང་བ་དང་། དེ་བཞིན་དུ་ལྡི་ལི་དང་། ཡུ་རོབ། ཨ་རི་སོགས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི། ༧གོང་ས་མཆོག་ཅེག་དང་རྒྱ་གར་གྱི་སྐུ་མགྲོན་ཁག་ཅིག་ལ་མཇལ་འཕྲད། ཡུག་ཀེ་རན་གྱི་གནས་སྟངས་སོགས་ཡོད། དེ་རིང་གི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་འདིར་ཕྱི་ལོ་༢༠༠༨་ཀྱི་ཟླ་༣་པའི་ནང་བོད་ས་ཡོངས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་པའི་སྐབས་དེར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་འདས་གྲོངས་སུ་ཕྱིན་པའི་ཁམས་དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་ཡེ་ཤེས་ལྷ་སྒྲོན་ངོ་སྤྲོད་གནང་ཡོད།། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ལ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་ཀྱི་གྲོས་གཞི་ཁག་དང་ཐག་གཅོད་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG