TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༡༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དབྱིན་ཇི་དང་ནུབ་ཆིངས་སྒྲིག་འཛུགས། ཡུག་ཀེ་རན་གྱི་མཐའ་མཚམས་རྒྱལ་ཁབ་གྲོང་སྡེ་ཞིག་གི་གྲ་སྒྲིག རྒྱལ་ཁབ་བཞི་འབྲེལ་གྱི་གྲོས་མོལ། འབྲུག་གི་གློག་བརྙན་ལུང་ནག་ན། རྒྱ་གར་གྱི་མངའ་སྡེ་ལྔའི་ནང་གི་འོས་བསྡུ། ཏུར་ཀི་དང་ཨེ་སི་རལ་གྱི་བཟང་ཕྱོགས་ཀྱི་འགྱུར་བ། ཁེ་ན་ཌ་རུ་ཟོང་འཁོར་ཁ་ལོ་བའི་ངོ་རྒོལ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་དམར་ཤོག་གི་ལྐོག་ལྟའི་བརྙན་མིག་མཚམས་འཇོག་གི་ལས་འགུལ་དང་། ལུག་ཚང་དཔལ་ཡོན་གྱི་དྲ་ལམ་བསམ་ཚུལ་བསྡུ་རུབ། སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལས་དོན་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མིར་འགྲན་ཞུགས་པ་གདོང་འདུས་སྐྱིད་འཛོམས་ལགས་དང་། ཨོ་གླིང་གི་བོད་མི་དམངས་སྤྱི་འཐུས་ལས་ཐོག་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་དང་ལྷན་ཨོ་གླིང་གི་ཆབ་སྲིད་དང་རྒྱལ་ཁབ་དེའི་ཆབ་སྲིད་ནང་མཉམ་ཞུགས་ཀྱི་དགེ་མཚན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།