TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༡༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེས་འཇར་མན་ལ་འཚམས་གཟིགས་དང་། ཨ་རི་བ་ཁག་ཅིག་ཨབ་གྷ་ཎི་སི་ཐན་ནས་ཕྱི་ལ་ཐོན་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་ནད་ཁྱབ་ཚད་དང་ནད་དུག་གསར་པ། དགུ་བའི་བཅུ་གཅིག་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱུང་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་གཞས་མ་གཏམ་གྱི་ཐོག་བོད་དུ་དྲིལ་སྒྲོག་བྱེད་བཞིན་པ་དང་། མི་མང་མཉམ་ལས་ཀྱི་དྲ་ལམ་ཚིག་མཛོད། གཞས་པ་ཕུར་བུ་རྣམ་རྒྱལ་ལགས་ཀྱིས་མཁལ་མའི་འཕྲོད་བསྟེན་ཐད་གོ་རྟོགས་སྤེལ་བཞིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དགུ་བའི་བཅུ་གཅིག་དོན་རྐྱེན་གྱི་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད་པ་དང་། དེ་བཞིན་དགུ་བའི་བཅུ་གཅིག་གི་དོན་རྐྱེན་ལ་ནེའུ་ཡོག་གྲོང་ཁྱེར་མི་སྣའི་དྲན་གསོ་དང་བསམ་གཞིགས་ཐད་བསོད་ནམས་གཡང་འཛོམས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།