ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༠༦

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༦ ཚེས་༡༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འབར་ཁམས་ས་ཁུལ་དུ་ས་ཡོམ་བརྒྱབ་པ་དང་། ཨ་རིའི་གྲོས་ཚོགས་ཚོགས་ཁང་ལ་དཔུང་འཛུལ་དོན་རྐྱེན་ལ་ཉན་ཞིབ། ཨ་མི་རི་ཀའི་གླིང་ཆེན་གྱི་ཚོགས་ཆེན། གསར་འགོད་རང་དབང་། ཡུག་ཀེ་རན་གྱི་གནས་སྟངས། ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་དྲུང་ཆེའི་མཇལ་འཕྲད་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་ཚེ་དབང་ནོར་བུ་ལགས་གྲོངས་མེད་པའི་རྣམ་པ་སྟོན་བཞིན་པའི་སྐོར་དང་འགུལ་རིས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་བརྗོད་པའི་ལས་གཞི་སོགས་ངོ་སྤྲོད་ཞུས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལས་རིམ་ནང་བོད་ཀྱི་ཆབ་སྲིད་བཙོན་པ་བཙུན་མ་བསྟན་འཛིན་ཆོས་སྐྱིད་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཝ་ཤིང་ཊོན་དུ་བཅའ་སྡོད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ལ་ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཚད་གཞི་དང་བོད་པ་མི་རབས་གསར་པ་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས། བོད་ཕྱི་ནང་གི་འབྲེལ་བ་རྒྱུན་འཛིན་བྱེད་པའི་འབོད་བརྩོན་བྱེད་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG