TV Schedule
ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༡༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཨི་སི་རེལ་གོ་མཚོན་མཁོ་སྤྲོད་སྟངས་འཛིན་དང་། ཨ་རིའི་སློབ་ཆེན་ཁག་གི་གྷ་ཛ་དམག་འཁྲུག་ངོ་རྒོལ་ལ་ལྟ་སྟངས། བོད་ནང་གི་བཙོན་གྲོལ་ཐོབ་ཀྱང་ནད་ཀྱིས་མནར་བ་དང་བཙོན་འཇུག་འོག་ཡོད་པའི་མི་སྣའི་གནས་སྟངས། ཨུ་རུ་སུའི་མཁར་དངོས་བཀག་སྡོམ། ཨ་རིའི་ནང་གི་ཨེ་ཤི་ཡའི་མི་རྒྱུད་ཀྱི་འོས་ཤོག་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་བྱས་པ་ཤེས་རྟོགས་བྱུང་ནས་ཕྱི་ལོ་ ༢༠༠༨ སྤྱི་ཟླ་ ༣ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་དང་པོ་བྱས་ཤིང་ཁྱོན་བསྡོམས་ཐེངས་གསུམ་ལ་འཛིན་བཟུང་བཀག་ཉར་བྱས་པའི་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ལོ་རྒྱུས་ཉམས་ཞིབ་པ་དང་ས་མཐོ་ཨེ་ཤེ་ཡའི་ཉམས་ཞིབ་ཁང་གི་འགན་འཛིན་འཇམ་དབྱངས་ནོར་བུ་ལགས་གདན་འདྲེན་ཞུས་ནས་ཉེ་ཆར་སྐུ་གཤེགས་པའི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་མི་རབས་གོང་མའི་འཐབ་རྩོད་དང་བློས་གཏོང་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།