ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༡༤

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༡༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་དམངས་གཙོའི་ཚོགས་ཆེན་དབུ་འབྱེད་དང་། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན། དེ་རིང་གི་ནོ་བྷེལ་གཟེངས་རྟགས་ཀྱི་མཛད་སྒོ། བོད་ནང་གི་བཅའ་སྡོད་སློབ་གྲྭའི་ངོ་བོ། བོད་རྒྱ་འབྲེལ་མོལ་ཞིབ་འཇུག ཇོ་ནང་པའི་དྲུག་མཆོད་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སྨན་བླ་སྐྱབས་ཀྱི་ཕ་ཡུལ་ལ་ལོག་ཐེངས་རེ་རེ་ཞེས་པའི་རྩོམ་ཡིག་དང་། རྒྱ་ནག་གི་སྙན་ཐོ་ཡོད་སའི་དྲྭ་ཚིགས། རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་དྲྭ་ཚིགས་སོགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་གྱིས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་ཐེབས་རྩ་ཁང་གི་ལས་འཆར་འགན་འཛིན་བསྟན་འཛིན་དཔལ་སྐྱིད་དང་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་རྣམ་གཉིས་དང་ལྷན། སྲིད་འཛིན་ཇཱོ་བྷ་ཌན་གྱིས་འཛམ་གླིང་རྒྱལ་ཁབ་༡༠༠་ལྷག་གི་དབུ་ཁྲིད་ཚོ་དྲྭ་ལམ་དུ་གདན་འདྲེན་ཞུས་ནས་ཉི་མ་གཉིས་ལ་དམངས་གཙོའི་ལྷན་ཚོགས་ཤིག་བསྡུ་སྐོང་བྱེད་ཀྱི་ཡོད་པའི་གནད་འགག་དང་དམིགས་ཡུལ་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG