TV Schedule
༢༢:༠༠ - ༢༣:༠༠
ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༡༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འཛིན་སྐྱོང་ཚོགས་འདུ་ཐེངས་བཅོ་ལྔ་པ་མཇུག་སྒྲིལ། བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་བཅར་བར་མཇལ་ཁ། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་བགྲོ་གླེང་། དོམ་ཁྲའི་ཕྱི་འབྲེལ་དང་བོད། བོད་ནང་གི་རྒྱ་དཔོན་གཉིས་ལ་ཁྲིམས་གཏུག་ཞིབ་བཤེར། ཨ་རྒྱའི་ཛ་དྲག་གི་འབྲེལ་ལམ་ཁྲོད་APEC རྒྱལ་ཁབ་ཚོར་ཁེ་བཟང་། ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན། དེ་རིང་གི་ཀུན་གླེང་ལས་རིམ་ནང་ལ་བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་དང་རིག་གནས། རིག་གཞུང་ཞིབ་འཇུག་སོགས་ཀྱི་གནས་སྟངས་ཐད། ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཝ་རཱ་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་ལགས་འདི་གའི་ཨ་རིའི་རླུང་ཁང་གི་བརྙན་ལེན་ཁང་ནང་དུ་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།