TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༡ ཚེས་༡༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་ནག་ལ་ཕེབས་འདོད་དང་རྒྱ་གར་ནང་གཏན་བཞུགས་གནང་འདོད་ཡོད་ཅེས་བཀའ་སྩལ་བ་དང་། བདམས་ཐོན་བཀའ་བློན་གསུམ་གྱི་དམ་འབུལ། རྒྱ་བལ་འབྲུག་གསུམ་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན། གནམ་གཤིས་ཚོགས་ཆེན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་གྱིས་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་དང་སྨན་སྦྱོར་འགན་འཛིན་སྨན་རམས་པ་སྤེན་པ་གཉིས་ལ་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༦༠་འཁོར་བ་དང་འདས་པའི་ལོ་ངོ་དེ་དག་གི་གྲུབ་འབྲས། མ་འོངས་པའི་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།