TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ལོ་ཉི་ཤུའི་རིང་གི་ཨབ་གྷ་ཎི་སི་ཐན་དམག་འཁྲུག་མཚམས་འཇོག་དང་། སྲིད་འཛིན་བྷ་ཌན་གྱི་གཏམ་བཤད། དྭང་ཞབས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་བརྙན་དཔའ་བོའི་དྲན་རྟེན་དབུ་འབྱེད། དགུ་བའི་བཅུ་གཅིག་དོན་རྐྱེན་དང་འབྲེལ་བའི་སྲིད་འཛིན་གྱི་དམག་འཁྲུག་དབང་ཚད་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ནང་གི་གནས་སྟངས་དང་ཡར་རྒྱས་གོང་འཕེལ་ཐད་རྒྱ་ནག་གི་དྲིལ་བསྒྲགས་འཐབ་ཇུས་ག་རེ་སྤེལ་བཞིན་པའི་ཐད་ཨོ་གླིང་གི་བོད་མི་མང་འདེམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་བགྲོ་གླེང་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་དབྱིན་ཡུལ་བོད་རིགས་ཚོགས་པ་ཚུགས་ནས་ལོ་༥༠ འཁོར་བའི་ཐད་དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ཚེ་རིང་པ་སངས་ལགས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།