TV Schedule
ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་སྲིད་ཇུས་ཚོགས་ཆུང་ནང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཁྲིམས་འཆར་ལ་སྤྱི་མོས་བྱུང་བ་དང་། གྷ་ཛའི་དམག་འཁྲུག་གི་གནས་སྟངས། དྷ་རམ་ས་ལར་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི། ཨ་རིའི་ཕྱི་འབྲེལ་མི་སྣ་གྲགས་ཅན་ཀི་སིན་ཇཱིར་འདས་གྲོངས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སྲིད་པ་དྲ་བ་དང་། མིས་བཟོས་རིག་ནུས་ལས་བོད་བཞེངས་པ། སྐྱིད་སྡུག་ཉམས་མྱོང་གི་ཚེ་སྲོག་སྟོང་ཞེས་པའི་སྙན་དེབ། མགོ་ལོག་དཔལ་ལྡན་ལགས་ཀྱི་མགྱོགས་འཕྲིན་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་མི་ལོ་ ༡༩ ལྷག་དཀའ་སྡུག་མྱོང་དགོས་བྱུང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུ་པ་ཚེ་རིང་སྟོབས་རྒྱས་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཁ་སང་བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རག་ཏུ་འཚོགས་པའི་༢༠༢༣་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།