TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་བོད་འབྲེལ་རྒྱབ་ཤ་དཀར་པོར་ལན་འདེབས། བོད་ཀྱི་ཁོར་ཡུག་ལ་ལྟ་ཕྱོགས་ཞེས་པའི་དཔེ་དེབ་དབུ་འབྱེད། ཨ་རི་བ་མང་ཤོས་དམག་དོན་ལས་ཕྱི་འབྲེལ་ལ་དགའ་བ། ཨ་རིའི་དམག་སྤྱིས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་ཐད་གྲོས་ཚོགས་ལ་ལན་འདེབས་བྱས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་འོད་ཟེར་གྱི་བོད་བསྐྱོད་ཟིན་ཐོ་དང་། ཁེ་ན་ཌའི་གློག་བརྙན་དུས་སྟོན་སྟེང་གི་བོད་མིའི་གློག་བརྙན། སྐུའི་དགོངས་པ་སྤེལ་བའི་ལྷན་ཚོགས། ཐེ་ཝན་པ་ཞིག་གི་དྲྭ་ལམ་རི་མོ་འགྲེམ་སྟོན་སོགས་ཡོད། ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ཀྱིས་ས་རཱ་མཐོ་སློབ་ཀྱི་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལ་དེ་རིང་ས་རཱ་མཐོ་སློབ་ཏུ་འཚོགས་པའི་རྒྱ་གར་གཞུང་གི་འཛམ་གླིང་ནང་པའི་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་ཆེན་གྱི་རྒྱབ་ལྗོངས་དང་གལ་གནད་སྐོར་ལ་བཅར་འདྲི་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ཀྱིས་ཡུ་རོབ་རྒྱལ་སྤྱིའི་བུད་མེད་ཀྱི་འགོ་ཁྲིད་གཟེངས་རྟགས་ཐོབ་མཁན་གཡང་འདུས་མཚོ་ལ་གཟེངས་རྟགས་དེ་དང་འབྲེལ་ནས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།