ཟླ་བ་༥ པའི་ཚེས་༢༨ རེས་གཟའ་ཉི་མའི་ཉིན། ཏུར་ཀིའི་སྲིད་འཛིན་འོས་བསྡུའི་ནང་། ཁ་གཏད་ཚོགས་པས་འོས་ཤོག་འབོར་ཆེན་བཀུག་མ་ཐུབ་པ་ཡིན་ན། ད་ལྟའི་སྲིད་འཛིན་ལས་ཐོག་ཨར་རྡོ་གྷན་སྲིད་འཛིན་རང་འཇགས་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ལན་ཌིའི་འོས་བསྡུ་དེ་བཞིན་དམངས་གཙོར་འདོད་མོས་ཡོད་པའི་ཁ་གཏད་ཕྱོཊ་ཁག་དང་། སྲུང་འཛིན་རིང་ལུཊ་པའི་དམག་ཕྱོཊ་དཔོན་རིཊ་ཀྱི་ཕྱོཊ་གཏོཊ་བར་འགྲན་རྩོད་ཡོང་གི་ཡོད་པར། དེའི་ནང་ནས་སྤྱི་ཚོཊ་དྲ་ལམ་བེད་སྤྱོད་ཤུཊ་ཆེ་གཏོང་མཁན་གྱི་ཚོཊ་པ་ཞིག་འབུར་དུ་ཐོན་བཞིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དབྱིན་ཇིས་ཨུ་རུ་སུའི་གླས་དམག་ཝེ་གྷི་ནེར་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་བྱ་རྒྱུའི་ཁྲིམས་དོན་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་དང་རྒྱལ་ཚོགས་ཀྱིས་ཀྱང་དེ་མཚུངས་ཀྱི་བསམ་ཞིབ་བྱེད་ཀྱི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སོ་མ་ལི་ཡའི་བུད་མེད་ཀྱི་གསར་ཁང་ཁེ་གཙང་ཞིག་བཙུགས་ནས་ལོ་འཁོར་གཅིག་འཁོར་ཡོད་པ་དང་། བུད་མེད་གསར་ཁང་གི་ཤུགས་རྐྱེན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་བར་གྱི་རྩོད་རྙོག་ཐད། རྒྱ་ནག་དཀར་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ལྷན་འཛོམས་ཀྱིས་གྲོས་མོལ་བྱས་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། བོད་སྐོར་གླེང་སློང་གང་ཡང་བྱས་མེད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨ་རི་དང་ལྷོ་ཀོ་རི་ཡའི་བར་ལོ་རྒྱུས་ཀྱི་སྙིང་པོ་ལྡན་པའི་གྲོས་ཆོད་ཅིག་བཞག་ནས། ཨ་རིས་བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ཉེན་ཁར་ཁ་གཏད་གཅོག་སྐབས། ལྷོ་ཀོ་རི་ཡས་ནུས་པ་སྔར་ལས་ལྷག་པ་འདོན་ཆོག་རྒྱུ་དང་། ལྷོ་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་མི་བཟོ་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་མཆོག་པོ་ལན་ནང་འཚམས་འདྲིར་ཕེབས་སྐབས། པོ་ལན་དུ་གནས་བཞུགས་ཡུག་ཀེ་རན་གྱི་མི་རྣམས་ལ་གཏམ་བཤད་གནང་འདུག་ཅིང་། ད་ཆ་པོ་ལན་དུ་ཡུག་ཀེ་རན་གྱི་མི་དམངས་ས་ཆ་གཉིས་ལྷག་གནས་སྡོད་བྱས་ཡོད་འདུག། པོ་ལན་གྱི་རྒྱལ་ས་ཝ་ས་ནས་བཏང་བའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་སྐབས་ཞི་བའི་མི་དམངས་ཐོག་དམག་དོན་བྱ་སྤྱོད་སྤེར་བར་ལན་འདེབས་ཆེད། ཕོ་ལཎ་ཌིར་གནས་འཁོད་ཕི་ལེ་ཁི་ཉམས་ཞིབ་ཁང་གིས་ཨུ་རུ་སུས་ཡུག་ཀེ་རན་དུ་བསགས་པའི་དམག་འཁྲུག་ནག་ཉེས་བསྡུ་རུབ་བྱ་རྒྱུར་དམིཊ་ནས་ཉམས་ཞིབ་སྡེ་ཚན་ཞིག་བཙུཊ་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བདུན་ཕྲག་འདིར། ནུབ་ཕྱོགས་ཀྱི་ལྕགས་ཁྲབ་འཁོར་ལོ་ཡུག་ཀེ་རན་ནང་འབྱོར་འགོ་ཚུགས་ཡོད་ཅིང་། མ་འོངས་ཟླ་ཤས་རིང་ལྕགས་ཁྲབ་འཁོར་ལོ་བཅུ་གྲངས་ཤིག་འབྱོར་རྒྱུ་རེད་འདུག། དེས་ཡུག་ཀེ་རན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་དཔུང་མཐའ་སྐྲོད་གཏོང་བར་ཕན་ཐོགས་ཡོང་ཐུབ་མིན་གྱི་ཐད་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་གཞོན་པ་ཀཱ་མཱ་ལ་ཧེ་རེ་སེས་མོ་རང་ཆུང་དུས་བསྡད་མྱོང་སའི་ཛམ་བྷི་ཡ་རྒྱལ་ཁབ་ལ་འཚམས་འདྲི་གནང་རྒྱུ་ཡིན་པ་དང། ལོ་རྒྱུས་ཕྱི་དྲན་སྦྲགས་ཁོང་མོའི་འཚམས་འདྲི་ལ་ཛམ་བྷི་ཡ་གཞུང་དམངས་གཉིས་དགའ་སྤྲོ་སྐྱེས་བཞིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་ཞུས་ཡོད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་འགོ་བཙུཊ་པའི་རྗེས་སུ་ཨུ་རུ་སུའི་བུད་མེད་མང་པོ་ཕྲུ་གུ་བཙའ་བར་ཨར་ཇེན་ཊི་ཎར་སླེབས་རྒྱུ་མང་དུ་ཕྱིན་པའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་ཞུས།
རྒྱལ་ཚོཊ་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོཊ་ཀྱིས་རྒྱལ་ཁབ་ཁག་ལ་རྡོ་སྣུམ་བེད་སྤྱོད་གཏོང་མི་དགོས་པར་བྱ་རྒྱུར་འབད་བརྩོན་དགོས་པ་བརྗོད་ཡོད་མོད། འོན་ཏེ་བྷ་ཌན་གཞུང་གིས་ཉེ་ཆར་ཨ་རིའི་ཨ་ལཱ་སི་ཀའི་མངའ་སྡེར་རྡོ་སྣུམ་སྔོག་འདོན་གྱི་ལས་འཆར་ཞིག་ལ་ཆོག་མཆན་སྤྲད་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
གློ་གཅོང་ནི་ནད་འབུ་ཕྲ་མོས་རྐྱེན་པའི་གློ་བར་གཉན་ཁ་རྒྱས་པའི་ནད་ཅིག་དང་། མིའི་ཚེ་སྲོག་ལ་དོ་ཕོག་གཏོང་བའི་ནད་ཡམས་རིཊ་ཤིག་ཡིན་ཞིང་། སྤྱི་ཟླ་༣ པའི་ཚེས་༢༤ ཉིན་ནི་འཛམ་གླིང་གློ་གཅོང་གི་ཉིན་མོ་ཡིན་པ་རེད། མི་ཚོས་ནད་དེ་རྩ་མེད་གཏང་རྒྱུའི་རེ་བ་རྒྱག་བཞིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
སྲིད་འཛིན་བྷ་ཌན་མཆོག་གིས་དབུས་གཞུང་ལས་ཁུངས་ཁག་གིས་སྲིད་དོན་ཚོཊ་པ་གཉིས་ཀས་གཏན་འབེབས་བྱས་པའི་མེ་མདའ་དོ་དམ་ཀྱི་ཁྲིམས་ལུཊ་ལག་བསྟར་ནན་མོ་བྱ་དགོས་དང་།སྤྱི་ཟླ་༩པའི་ནང་མཚན་རྟགས་བསྐྱོན་པའི་མེ་མདའ་ཉོ་མཁན་གྱི་རྒྱབ་ལྗོངས་ལ་ཞིབ་དཔྱོད་ནན་མོ་དགོས་སྐོར་ནན་བརྗོད་གནང་ཡོད་པ་ཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷུ་ལི་ཁེན་ཨེ་ཐེ་ཨོ་བྷི་ཡ་དང་ཎེ་ལྗར་གྱི་ནང་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། དེ་ནི་བྷ་ཌན་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་ལ་དམིཊ་པའི་ཕྱི་སྲིད་ཀྱི་འབྲེལ་ལམ་གསར་པ་ཞིག་ཡིན་པ་དང་། རྒྱལ་ཁབ་དེ་ད་ཆ་འཇིཊ་སྐུལ་རིང་ལུཊ་པར་རྒོལ་རྡུང་གཏོང་སའི་རྟེན་གཞི་གལ་གནད་ཅན་ཞིག་ཏུ་ཆཊ་བཞིན་པའི་སྐོར།
༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཐོ་པི་ཡ་ལ་འཚམས་འདྲི་གནང་ནས་ཨེ་ཐོ་པི་ཡའི་ལོ་གཉིས་ཙམ་རིང་གི་གདུག་རྩུབ་ཅན་གྱི་དྲག་པོའི་ནང་འཁྲུག་ལ་ཕྱི་ཟླ་བཅུ་གཅིག་པའི་ནང་མེ་འཕེན་མཚམས་འཇོག་བྱུང་པ་དེའི་རྒྱུན་སྲིང་པ་ལ་བསྔགས་བརྗོད་དང་བཅས། ནང་འཁྲུག་དེའི་ཕྱོཊ་ཚང་མར་ཞི་བདེ་དང་དྲང་བདེན་ཐོབ་པའི་ལས་དོན་སྤེལ་བ།
ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐེངས་དང་པོར་སྙིང་སྟོབས་ལྡན་པའི་བུད་མེད་ཅེས་པའི་རྒྱལ་སྤྱིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་གོ་སྒྲིག་གནང་ཡོད་ཅིང་། དེ་ཡང་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོར་གནང་ཡོད་ནའང་། གཟེངས་རྟགས་དེ་ཐོབ་མཁན་ཨི་རན་གྱི་བེུད་ཚོ་གཟེངས་རྟགས་ཀྱི་མཛད་སྒོར་མཉམ་ཞུགས་བྱ་རྒྱུར་ཨི་རན་གཞུང་གིས་བཏང་མེད་པ།
སྒྱོཊ་མདེལ་ནི་ཡུག་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་དམག་འཐབ་ནང་མཚོན་ཆ་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་ཞིང་།ད་ཕན་ཨ་རིས་ཡུཀ་རེན་ལ་སྒྱོཊ་མདེལ་ས་ཡ་གཅིག་ལྷག་མཁོ་སྤྲོད་གནང་ཡོད་པ་དང་།མཱ་རེ་ཡ་ཝུ་ལི་ཡ་སི་ཁཱ་ལགས་སྒྱོཊ་མདེལ་བཟོ་སའི་ཡུལ་དངོས་སུ་ཕེབས་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་གནང་བ།
བྷ་ཌན་གཞུང་གིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་དྲུག་ལྷག་གནས་པའི་གོ་མཚོན་བཙོང་རྒྱུའི་ཐག་གཅོད་ཐད།རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་པ་དང་།ནུབ་ཕྱོཊ་རྒྱལ་ཁབ་ཚོས་ཨ་རྒྱ་དབར་འབྲེལ་ལམ་ཛ་དྲག་ཆཊ་པ་དང་བསྟུན། རྒྱ་ནག་གིས་ཨུ་རུ་སུར་གོ་མཚོན་མཁོ་སྤྲོད་བྱ་སྲིད་པའི་བློ་འཚབ་ཡོད་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་གྱི་སྐུ་ལྕམ་གྱིས་ཉེ་བའི་ཉིན་ལྔའི་རིང་གླིང་ཆེན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་གཉིས་ལ་འཚམས་གཟིགས་གནང་དུས་ཨ་ཧྥེ་རི་ཀའི་ནང་བཀྲེས་སྐོམ་མྱོང་བཞིན་པ་དང་འདྲ་མཉམ་མེད་པའི་གནས་སྟངས་འཛམ་གླིང་ཡོངས་ལ་གསལ་འདོན་བྱས་ཤིང་། འཛིན་སྐྱོང་འོས་འགན་སོགས་ཐད་བསམ་ཚུལ་བརྗོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས།
མང་སྣོན།