ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀརྨ་བསོད་ནམས་དར་རྒྱས་གླིང་གི་བླ་མ་བསྟན་འཛིན་གྲགས་པ་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་དབྱར་སེང་སློབ་གྲྭའི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་དང་ལྷན་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་རྒྱག་དགོས་བྱུང་བའི་སྐོར་བགྲོ་གླེང་ཞུས་ཡོད
པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པའི་སྐབས་འདིར། མི་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་སོང་བའི་ཐད་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་མིན་ལ་དོ་སྣང་སླེབས་བཞིན་པའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དྲ་སྣང་གི་བོད། ༢༠༢༤ ཟླ་༧ ཚེས་༡༡ དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་དྲ་ལམ་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སྐོར་དང་། གྷུ་གྷལ་ཡིག་སྒྱུར་དུ་བོད་ཡིག་སླེབས་པའི་རྒྱུད་རིམ། བོད་སྐད་བྱིས་སྒྲུང་ཉིན་མོ་བཅས་ཀྱི་ནང་དོན་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཝེར་ཇི་ནི་ཡ་སློབ་ཆེན་གྱི་དཔེ་མཛོད་དོ་དམ་པ་དང་ལོ་ཙཱ་བ་བསྟན་འཛིན་ཐོས་བསམ་ལགས་གདན་འདྲེན་ཞུས་ནས་ཞིས་ཅིན་ཕིང་གི་ནག་ཉེས་ལ་ཁྲིམས་ར་འཚོགས་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད།
༧སྐུའི་འཕྲོད་བཞེས་ཐད་དགའ་ལྡན་ཕོ་བྲང་གིས་གསར་འགོད་གསལ་བསྒྲགས་གནང་སྐོར་དང་། ༧གོང་ས་མཆོག་ལ་སྨན་བཅོས་བྱེད་མཁན་གྱི་སྨན་པས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དོན་ཁག་འདི་གའི་གསར་འགོད་པ་ཚེ་རིང་སྐྱིད་ལགས་ཀྱིས་གྲོང་ཁྱེར་ནིའུ་ཡོག་ནས་བཏང་གནང་བའི་གནས་ཚུལ་འདིར་གསལ།
༧སྐུའི་འཕྲོད་བཞེས་ཐད་དགའ་ལྡན་ཕོ་བྲང་གི་གསར་འགོད་གསལ་བསྒྲགས།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཆོས་རྫོང་ལགས་དང་ལྷན་དུ་ད་ལོའི་༸སྐུའི་འཁྲུངས་སྐར་གྱི་གྲ་སྒྲིག་ཞུ་ཕྱོགས་སོགས་ཀྱི་ཐད་ནས་བགྲོ་གླེང་ཞུས་ཡོད།
༧གོང་ས་མཆོག་གིས་ནེའུ་ཡོག་གི་མགྲོན་ཁང་ཞིག་ཏུ་སྨན་བཅོས་རྗེས་ཀྱི་སྐུ་ངལ་གསོ་བཞིན་པ།
༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གནང་རྗེས་་ཕྱིར་བཞུགས་གནས་མགྲོན་ཁང་དུ་ཕེབས་ཏེ་སྐུ་ངལ་གསོ་བཞིན་པའི་ཉིན་གཉིས་པར་ཕྱག་བསྐོར་ལ་ཕེབས་མཁན་མང་པོ་མཐོང་རྒྱུ་འདུག ཟླ་བ་ཚེ་རིང་ལགས་ཁོང་གིས་ལ་དྭགས་པ་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ལ་༧སྐུའི་ཞབས་པུས་སྨན་བཅོའ་དང་འབྲེལ་ནས་ལ་དྭགས་སྐད་ནང་ལ་སྐད་ཅིག་བསྐུར་སོང་།
༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་སྟེ་སྨན་ཁང་ནས་ཕྱིར་མགྲོན་ཁང་དུ་ཕེབས་ཏེ་སྐུ་ངལ་གསོ་གཞིན་པའི་ཉིན་གཉིས་པར་ནེའུ་ཡོག་གི་བོད་རིགས་སྤྱི་མཐུན་ཚོགས་པ་འཚམས་འདྲིར་ཕེབས་ཡོད་པ་དང་། གཞན་ཡང་བོད་དུ་རྒྱ་ནག་གཞུང་གིས་༧སྐུའི་སྨན་བཅོས་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་གི་བཀའ་རྒྱ་བཏང་ཡོད་འདུག
༧གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཕྱག་བསྐོར་ཞུ་མཁན་ཚོར་བཅར་འདྲི།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་བཞུགས་ཡུལ་གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་པ་དང་། སྨན་ཁང་ནས་དམིགས་བསལ་གསལ་བསྒྲགས་ཤིག་བཏོན་ནས་ཞིབ་ཕྲའི་སྨན་བཅོས་ཀྱི་བརྒྱུད་རིམ་ངོ་སྤྲོད་ཞུས་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་བའི་ཐད་ས་གནས་བོད་མི་སོགས་ཀྱིས་དགའ་མོས་ཆེན་པོ་བྱེད་བཞིན་པའི་སྐོར། ཚེ་རིང་སྐྱིད་ལགས་ཀྱིས་༧གོང་ས་མཆོག་ལ་སྨན་བཅོས་གནང་སའི་སྨན་ཁང་གི་འཁྲིས་ནས་གནས་ཚུལ་སྤེལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཡོག་ཏུ་ཞབས་པུས་ཀྱི་སྨན་བཅོས་ལེགས་པར་གྲུབ་པའི་རྗེས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྨན་བཅོས་གང་ལེགས་བྱུང་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་དང་། འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ནིའུ་ཡོག་གི་སྨན་ཁང་མདུན་ནས་གསར་འགོད་པས་ངོ་སྤྲོད་ཞུས་པ་ཞིག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་ནེའུ་ཡོག་ཏུ་སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་བྱེད་བཞིན་པ་ལྟར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད་ལགས་ཀྱིས་༧གོང་ས་མཆོག་ལ་སྨན་བཅོས་གནང་སའི་སྨན་ཁང་གི་འཁྲིས་ནས་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་ཡོད།
དྲ་སྣང་གི་བོད། ༢༠༢༤ ཟླ་༧ ཚེས་༢༧ དེ་རིང་གི་དྲ་སྣང་གི་བོད་དུ་ཆབ་སྲིད་བཙོན་ཟུར་ཞིག་ལ་མྱ་ངན་ཞུ་བཞིན་པ་དང་། ཏུ་ཡེན་གྱིས་བོད་སྐད་བཀག་སྡོམ་བྱེད་བཞིན་པ་ཐེར་འདོན། ཡུ་ལི་ཁཱ་ཡི་བོད་སྐད་སློབ་ཁྲིད་རྒྱུད་ལམ་ངོ་སྤྲོད་སོགས་ཡོད།
ཀུན་གླེང་ལས་རིམ་དུ་སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་སྐྱབས་རྗེ་ཨཀྱཱ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ནས་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་གནང་སྐབས་ཕེབས་བསུ་གཟབ་རྒྱས་ཞུས་པའི་སྐོར་དང་། དེ་བཞིན་ཉེ་ལམ་རིན་པོ་ཆེ་མཆོག་གིས་རྒྱ་སྐད་ནང་བཅར་འདྲི་དང་ལེན་གནང་བར་རྒྱ་མི་ཚོས་དོ་སྣང་ཆེན་པོ་བྱུང་ཡོད་སྐོར་ལ་བཅར་འདྲི་ཞུས་ཡོད།
རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཞིག་དང་བོད་རྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཏུ་ལྟ་སྐོར་ལ་སླེབས་ནས། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་ག་རེ་ཡོང་བཞིན་པ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ།
རྒྱ་ནག་གཞུང་གི་ཉེན་བརྡ་དང་སྐྱོན་བརྗོད་བྱས་པ་ལ་མ་བརྟེན་པར་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་ལ་ཆེད་ཕེབས་རྗེས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་སྣ་ཚོགས་བྱེད་བཞིན་པ་གསར་བ་མིན།བོད་རྒྱ་གྲོས་མོལ་བྱེད་དགོས་པའི་དུས་ལ་བབ་པའི་བརྡ་ལན་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་སོང་།
མང་སྣོན།