ཀུན་གླེང་གསར་འགྱུར། ༢༠༢༣ ཟླ་༢ ཚེས་༡༧ དེ་རིང་གི་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་གསང་མྱུལ་ལྒང་ཕུག་ཐད་གྲོས་ཆོད་དང་། རྒྱ་ནག་ཏུ་རྒན་རྒོན་མང་པོས་ངོ་རྒོལ། ངོར་ཀླུ་ལྡིང་མཁན་ཆེན་མཆོག་གི་སྐུ་གདུང་ཞུགས་འབུལ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་དུས་དྲན། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རིའི་འོས་བསྡུ་སོགས་ཡོད།
འབར་མའི་དཀའ་རྙོག་ཐག་གཅོད་ཡོང་ཐབས་སུ་ལྷོ་ཤར་ཨེ་ཤེ་ཡའི་མནའ་འབྲེལ་གྱི་གཙོ་སྐྱོང་རྒྱལ་ཁབ་གསར་པ་ཧི་རྡུལ་ནི་ཤི་ཡས། གདོང་ལེན་མི་བྱེད་ཁ་མེད་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པའི་སྐོར། ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར། ཡུག་ཁེ་རན་སྲིད་འཛིན་ཡོ་རོབ་ཁུལ་དུ་ཕེབས་ནས་རེ་འབོད། ཨ་རིས་རྒྱ་ནག་གི་སོ་མྱུལ་སྒང་ཕུག་ལྔར་ཞིབ་བཤེར། ཏུར་ཀིར་ས་ཡོམ་གྱི་གནོད་སྐྱོན་ཆེ་བ། ཆི་ལི་ནང་གི་མེ་སྐྱོན།
ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི།
ཨ་རིའི་སློབ་གསོ་ཆེད་མཁས་པ་ཚོས་ChatGPT ཞེས་པའི་མིས་བཟོས་རིག་སྟོབས་ཀྱི་བཀོལ་ཆས་གསར་པ་དེའི་དགེ་སྐྱོན་ཐད་ལ་བགྲོ་གླེང་གནང་བཞིན་ཡོད་པ་དང་། སློབ་ཕྲུག་མང་པོ་ཞིག་གིས་བཀོལ་ཆས་དེ་བེད་སྤྱོད་ལོག་པར་བཏང་ནས་རྩོམ་ཡིག་བརྐུས་བཤུས་བྱེད་བཞིན་ཡོད་ཀྱང་། གནད་དོན་དེ་ཐག་གཅོད་བྱེད་ཐུབ་པའི་ཐབས་ཤེས་བརྟན་པོ་ཞིག་ད་རུང་རྙེད་མེད།
ཨུ་རུ་སུས་མཚོ་འོག་གི་རང་བྱུང་སོལ་རླངས་མཁོ་རྒྱུག་བྱེད་སའི་སྦུབས་ལམ་དང་གློག་སྐུད་སོགས་གཞི་རྩའི་རྨང་གཞི་འཛུགས་སྐྲུན་གཏོར་རྒྱུ་ལ་ཆེད་དམིགས་ཀྱིས་གོ་ལག་གསར་བཟོ་བྱེད་བཞིན་ཡོད་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཚོ་དམག་རུ་ཁག་ཚོས་ཉེན་ཁ་གསར་པ་དེར་གདོང་ལེན་མི་བྱེད་ཁ་མེད་ཆགས་བཞིན་པཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་མེ་རི་ཁའི་སྲིད་འཛིན་བྷ་ཌན་མཆོག་གིས་རིང་མིན་གཟའ་མིག་དམར་ཉིན་རྒྱལ་དོན་སྲི་ཞུ་ལས་དོན་སྙན་སེང་ཐེངས་གཉིས་པ་དེ་གནང་འཆར་ཡོད།
སྲིད་སྐྱོང་མཆོག་ཨ་རིར་ཕེབས་འབྱོར། ཡུ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཡུག་ཁེ་རན་ལ་ཕེབས་པ། ཨ་རི་དང་ཧྥེ་ལི་པིན་གྱི་གྲོས་མཐུན་གསར་པ། བྱང་ཀོ་རི་ཡས་ཨ་རི་ལ་རྒོལ་ལན། རྒྱ་ནག་གཞུང་གིས་དྲ་རྒྱའི་ཁྲིམས་སྲོལ་གསར་པ་ལག་བསྟར། བོད་མིའི་རིགས་རྫས་བསྡུ་ལེན་བྱེད་པར་ངོ་རྒོལ། བོད་ཀྱི་ཆབ་སྲིད་བཙོན་ཟུར་འདས་གྲོངས།
ན་ནིང་ལོ་མཇུག་ཙམ་ལ། ཏུར་ཀིའི་གནས་སྤོས་ཡུལ་མི་ཞིག་ཧྥ་རན་སི་ལ་འགྲོ་བའི་ལམ་བར་དུ་གྷི་རེ་སིའི་གླིང་ཕྲན་ལ་འབྱོར་རྗེས་གྷི་རེ་སིའི་ཉེན་རྟོག་པའི་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་དོན་རྐྱེན་ལ་ད་ལྟ་ཏུར་ཀིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་རྩད་གཅོད་བྱེད་བཞིན་པ་དང་། གྷི་རེ་སིའི་ཉེན་རྟོག་སྡེ་ཚན་གྱིས་དེ་དོན་ངོས་ལེན་བྱས་མེད།
ཉེ་བའི་ལོ་གཅིག་གཉིས་ཀྱི་ནང་། རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་གྱི་གོ་གནས་ཨང་དང་པོ་ཆགས་རྒྱུ་དེ་ཁ་ཐག་ཇེ་རིང་ནས་ཇེ་རིང་ལ་འགྲོ་བཞིན་པ་རེད།
ཨ་མེ་རི་ཁར་གནས་སྡོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཏེན་ཡུས་ཝེན་གྱིས་རྒྱ་ནག་གི་དཔལ་འབྱོར་གོང་དུ་འཕེལ་བའི་དུས་རབས་གཏན་ནས་མཇུག་བསྒྲིལ་ཟིན་པ་རེད་ཅེས་ཚིག་ཐག་ཆོད་པོས་སྡོམ་ཚིག་བཀོད་ཡོད་།
རྒྱ་་ནག་དམར་ཤོག་ཚོགས་པས་ནམ་རྒྱུན་ནས་དོན་དངོས་གནས་ཚུལ་སྦས་གསང་བྱེད་ནས་འཁྱོག་བརྗོད་འདྲ་མིན་བྱེད་པ་དང་། རྫུན་གྱི་འཁོར་ལོ་བསྐོར་བ་སོགས་ཀྱི་བྱེད་སྟངས་ནི་རྒྱ་ནག་དམར་ཤོག་གཞུང་གི་དམིགས་གསལ་ཁྱད་ཆོས་ཤིག་དང་ཚོགས་པ་དེའི་ངོ་བོ་ཉིད་དུ་གྱུར་ཡོད་ཅེས་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་ནང་བྱུང་བའི་ནད་ཡམས་དང་འབྲེལ་བའི་གོད་ཆགས་ཅི་རིགས་ལ་དམིགས་ནས། ཨ་མི་རི་ཀར་གནས་སྡོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་གྲགས་ཅན་ཝུའུ་གོ་ཀོང་གིས་རྒྱ་ནག་གཞུང་གི་གོ་ལྡོག་པའི་འཛིན་སྐྱོང་བྱེད་ལུགས་ཞེས་པའི་ཐ་སྙད་ཅིག་བཏོན་འདུག། ཁོང་གིས་སྤེལ་བའི་དཔྱད་རྩོམ་གྱི་ནང་དོན་མདོར་བསྡུས་ཤིག་འདིར་འཁོད་པ་གཤམ་གསལ།
རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་གནས་གཟིགས། ཡུག་ཀེ་རན་གྱི་གནམ་གྲུ་བརྡབ་སྐྱོན། ཏུར་ཀིའི་གཞུང་གི་ཐོ་གཞུང་ནག་པོ། ཨ་རི་བ་གཉིས་བལ་ཡུལ་གྱི་གནམ་གྲུ་བརྡབ་སྐྱོན་ནང་འདས་གྲོངས། འཛམ་གླིང་སྟེང་གི་ཚེ་ཐག་རིང་ཤོས་ཀྱི་མི། ནིའུ་ཛི་ལན་ཌིའི་སྲིད་བློན་གྱིས་རྩ་དགོངས་ཞུ་འཆར།
རྒྱ་ནག་ནང་ནད་ནད་དུག་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་རྒྱལ་ཁབ་ཚང་མས་བློ་འཚབ་ཡོང་གི་ཡོད་པས། ༢༠༢༣ ལོར་འཛམ་བུ་གླིང་དེ་བཞིན་ནད་དུག་ཁྱབ་གདལ་གྱི་ཀློང་ནས་ཐར་ཐུབ་རྒྱུ་ཡིན་མིན་སྐོར་ཆེད་མཁས་པ་མང་པོས་དབྱེ་ཞིབ་དང་ཚོད་དཔག་བྱས་འདུག
རེ་བའི་སྒྱུ་རྩལ་ཞེས་པའི་གློག་བརྙན་གཟིགས་འབུལ། རྒྱ་ནག་སྐོར་གྱི་དམིགས་བསལ་ལྷན་ཚོགས་གསར་འཛུགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆབ་སྲིད་བཙོན་པའི་ལས་འགུལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ། རྒྱ་ནག་གི་ནད་ཡམས་སྐོར་ལ་ཚོད་དཔག་དང་འདྲི་རྩད། བྷར་ཛིལ་གྱི་སྲིད་འཛིན་ཟུར་པ་ཕྱིར་ལོག་བཅུག་དགོས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཁེ་ན་ཌ། མེག་སེ་ཀོའི་འགོ་ཁྲིད་གསུམ་གྱི་མཇལ་མོལ་དང་། བོད་མི་བརྡ་འཕྲིན་ཆེད་ལས་པའི་ཚོགས་འདུ་དང་པོ། བྷར་ཛིལ་གྱི་ཆབ་སྲིད་ཟིང་ཆ། ཨ་རིས་ཡུག་ཀེ་རན་ལ་དམག་དོན་རྒྱབ་སྐྱོར། བོད་དང་རྒྱ་ནག་ཏུ་ཏོག་ནད་ཁྱབ་ཚད་སོགས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་གདུང་སྲས་བླ་མ་པདྨ་རིན་པོ་ཆེ་མཆོག་ལ་གཏེར་ཆེན་གུ་རུ་ཆོས་དབང་གི་རྒྱུད་པ་སྔགས་བླ་བྲང་དང་འབྲེལ་བའི་སྦས་ཡུལ་བཙུམ་གྱི་དངོས་བྱུང་ལོ་རྒྱུས་ཡིག་རྙིང་དང་བཅས་པ་མེས་པོའི་ཞལ་ལུང་ཞེས་པའི་དེབ་སྐོར་བཅར་འདྲི་ཞུས་ཡོད།།
༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་གི་ཉིན་མོར།རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ནང་རྒྱ་ནག་དམར་ཤོག་ཚོཊ་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་སྤེལ་བའི་སྤྱི་ལོ་གསར་པའི་ཤིས་ཚིག་བརྒྱུད་སྤེལ་ཤུཊ་ཆེ་བྱས་ཡོད་ཅིང་།སྲིད་དོན་དབྱེ་ཞིབ་པ་དང་རྒྱ་ནག་ནང་གི་མི་མང་པོས་ཞིའི་ཤིས་ཚིག་ཀློག་འདོན་དེའི་སྐོར་ནས་དཔྱད་བརྗོད་འདྲ་མིན་སྤེལ་འདུག།
རྒྱ་ནག་གི་ནད་ཡམས་དང་རྒྱལ་ཁབ་གཞན་ཚོའི་བློ་འཚབ། ཞི་ཅིན་ཕིང་ནི་༢༠༢༣ ལོར་ཆབ་སྲིད་ཀྱི་ཉེན་ཁ་ཆེ་ཤོས་གྲས་ཡིན་པ། ཡེ་ཤུའི་བླ་ཆེན་ཟུར་པ་མཆོག་གི་འདས་མཆོད། འབར་མས་བཙོན་པ་བདུན་སྟོང་ལྷག་གློད་གྲོལ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་མཆོག་དགོངས་པ་རྫོགས་པ། རྒྱ་ནག་གིས་བོད་མི་སངས་ཚེ་འཛིན་བཟུང་བྱས་འདུག
མང་སྣོན།