ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རིང་མིན་བདུན་ཕྲག་འགའ་ཤས་ནང་ཡུག་ཀེ་རན་གྱི་གནམ་གྲུ་ཁ་ལོ་བ་ཚོར་F-16 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་ཐད་སྦྱོང་བརྡར་སྤྲོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཉེ་ལམ་ཞིས་ཅིན་ཕིང་གི་གཅུང་པོ་ཞིས་ཡོན་ཕིང་ཞེས་པ་ཚོང་དོན་ལས་འགུལ་ནང་མཉམ་བཞུགས་བྱས་ཡོད་པའི་བརྙན་པར་འགའ་ཕྱིར་ཐོན་ཡོད་དང་འབྲེལ། མི་ཚོས་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པའི་སྐོར་ལ་བསྐྱར་དུ་གླེང་སློང་བྱེད་བཞིན་འདུག།
སྤྱི་ཟླ་༥ པའི་ཚེས་༡༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེ་པིང་གིས། ཉི་ཧོང་གི་ཧྥུ་ཁུ་ཞི་མཱའི་རྡུལ་ཕྲན་གློག་ཁང་གིས་སྦགས་བཙོག་ཐེབས་པའི་བཙོག་ཆུ་ཐོན་ས་ཡ་གཅིག་ལྷག་ཞི་བདེ་རྒྱ་མཚོའི་ནང་ཕྱིར་གཏོང་བྱེད་འཆར་འདུག་ཅེས་སྐྱོན་བརྗོད་བྱས། དེ་ནི་དྲང་བདེན་མིན།
ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་སྟོན་པ་ཇེ་ཁེ་སུའུ་ལི་ཝན་Jake Sullivan དང་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་རྒྱུན་ལས་དང་། རྒྱ་ནག་དབུས་ཕྱི་སྲིད་གཞུང་ལས་ཁང་གི་འགན་འཛིན་ཝང་དབྱི་གཉིས་སྤྱི་ཟླ་༥ པའི་ཚེས་༡༠ ནས་༡༡ ཉིན་ཝེ་ཡེ་ནཱར་ཐུག་འཕྲད་གྲོས་མོལ་བྱས་ཡོད།
པད་མ་ཚེ་བརྟན་དམ་པ་དེའི་སྐུ་རུས་ཕ་ཡུལ་ཁྲི་ཀར་གདན་འདྲེན་ཞུས། མགོན་པོ་སྐྱིད་ལཊ་ཀྱིས་བསྐྱར་དུ་ཁོའི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལཊ་ཀྱི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱ་དགོས་པའི་དགོས་འདུན་བཏོན། རྒྱ་མིས་བོད་པའི་ཕྲུ་གུ་རྐུན་མ་བརྒྱབ་ཡོད་པ། བོད་ནང་སྐད་འཕྲིན་གསར་པ་ཕབ་ལེན་བྱས་ན་ཕྱིའི་རྒྱལ་ཁབ་ཀྱི་སྐད་འཕྲིན་དང་འབྲེལ་མི་ཐུབ་པ།
བཀོད་ཁྱབ་ཨང་༤༢ པ་ཞེས་པ་ནི་ཨ་རིའི་གཞུང་གིས་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་འཕྲོད་བསྟེན་གྱི་གནད་དོན་ལ་དམིགས་ནས་བཏོན་པའི་གནས་སྤོ་ཡུལ་མིའི་སྐོར་གྱི་སྲིད་ཇུས་དམིགས་གསལ་ཅན་ཞིག་ཡིན་པ་དང་། ༢༠༢༠ ལོའི་སྤྱི་ཟླ་༣ པ་ནས་ལག་ལེན་བསྟར་འགོ་ཚུགས་ཏེ་དེ་རིང་ཕྱི་ཟླ་ལྔ་བའི་ཚེས་༡༡ ཉིན་ནུས་མེད་ཆགས་ཀྱི་ཡོད་པ་རེད།
འདས་པའི་ཟླ་བ་དྲུག་ཙམ་གྱི་རིང་། དབྱི་རན་གཞུང་གིས་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་ངོ་རྒོལ་བ་ཚོར་དྲག་གནོན་དང་བཀག་ཉར་གཞི་རྒྱ་ཆེན་པོ་བྱས་ཡོད་པར་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཨི་རན་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་གསར་འགོད་པ་ཚོ་ལའང་འཇིཊ་སྐུལ་བྱེད་ཀྱི་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཉེ་བར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་འགའ་ཞིག་གིས་སྣེ་ཁྲིད་དེ། རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པ་དང་། དྲ་རྒྱའི་ལྕགས་རི་དང་འབྲེལ་ཡོད་ཀྱི་མི་སྒེར་དང་ཚོགས་པ་ཁག་ལ་ཉེས་ཆད་ལྗི་མོ་བཅད་ནས་ལྕགས་རི་དེ་ཡོངས་སུ་རྩ་གཏོར་གཏང་དགོས་ཞེས་འཛམ་བུ་གླིང་ལ་འབོད་སྐུལ་ནན་མོ་གནང་འདུག།
སྤྱི་ཟླ་༥ པའི་ཚེས་༣ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པས་འཛམ་གླིང་གསར་འགོད་རང་དབང་གི་གནས་སྟངས་སྐོར་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་ལས། རྒྱ་ནག་དང་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་ནི་དེང་སང་འཛམ་གླིང་ཐོག་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་གསལ་སྟོན་གནང་འདུག
་ཀོ་རི་ཡའི་སྲིད་འཛིན་ཡུན་སུའུ་ཁོའུ་མཆོག་སྤྱི་ཟླ་༤ པའི་ཚེས་༢༦ ཉིན་ཕོ་བྲང་དཀར་པོར་ཕེབས་ནས་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་དང་མཇལ་མོལ་གནང་ཡོད་པ་དང་། མཇལ་མོལ་དེ་ནི་ཨ་རི་དང་ལྷོ་ཀོ་རི་ཡའི་བར་ཕྱི་འབྲེལ་བཙུགས་ནས་མི་ལོ་༧༠ འཁོར་བའི་དུས་དྲན་ལ་འཁེལ་ཡོད་།
ཏུར་ཀིའི་སྲིད་འཛིན་ཨེར་ཏོ་ཀན་ལ་འོས་བསྡུ་ཆེན་མོ་སྔོན་གྱི་མི་དམངས་འདོད་བློ་ཚོད་རྩིས་ནང་མི་དམངས་ཀྱི་རྒྱབ་སྐྱོར་ཚད་དམའ་པོ་ཡིན་པ་དང་། ཁ་གཏད་སྲིད་འཛིན་འོས་མི་ཁའེ་མོར་ཁ་ལི་ཁི་ཊོལ་ཀི་ལུ་ཡིས་ནུབ་ཕྱོཊ་མནའ་འབྲེལ་ཚོ་དང་ཕྱི་འབྲེལ་གྱི་འབྲེལ་ལམ་སླར་གསོ་བྱ་རྒྱུའི་དམ་བཅའ་བཞག་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
དཔྱད་བརྗོད་པ་ཏེན་ཡུས་ཝེན་གྱིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བྲིས་པའི་ཆེད་རྩོམ་ནང་གི་ཚན་པ་ཞིག་ཚེ་རིང་དབང་མོས་ཕབ་བསྒྱུར་བྱས་ཡོད་པ་གཤམ་གསལ།
ཨ་རིའི་རྒྱལ་སྲུང་དཔོན་པོ་ལོ་ཝེ་ཊི་ཨོ་སི་ཐིང་ལགས་ནས། དེ་སྔར་ཡུག་ཀེ་རན་གྱི་དམག་འཁྲུག་དང་འབྲེལ་བའི་ཨ་རིའི་གསང་བའི་ཡིག་ཆ་ཁག་ཅིག་ཕྱིར་གྱར་ཡོད་ཀྱང་། ཡུག་ཀེ་རན་གྱིས་འཆར་གཞི་ལྟར་ཨུ་རུ་སུའི་བཙན་འཛུལ་ལ་ཕར་རྒོལ་བྱ་རྒྱུའི་ཐད་ནས་ད་དུང་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པའི་སྐོརེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་མེ་རི་ཁ་དང་ཝེ་ཊི་ནམ་རྒྱལ་ཁབ་གཉིས་བར་ཐབས་ཇུས་ཐོག་གི་འབྲེལ་ལམ་གསར་པ་ཞིག་འཛུགས་ཐུབ་རྒྱུའི་ཆེད་དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐུང་ནི་པུ་ལིང་ཁེན་མཆོག་བདུན་ཕྲག་འདིའི་གཟའ་མཇུག་ཏུ་ཝེ་ཊི་ནམ་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་འཆར་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡུག་ཁེ་རན་གཞུང་གིས་ཨུ་རུ་སུའི་ཡེ་ཤུ་ཆོས་རྒྱུད་ཀྱི་གྲྭ་བཙུན་རྣམས་རྒྱལ་ས་ཁིབ་ལ་རྟེན་གཞི་བྱས་ཡོད་པའི་ཕེ་ཆེར་སི་ཁི་ཆོས་ཁང་ནས་མཐར་སྐྲོད་གཏང་རྒྱུའི་བཀོད་ཁྱབ་བཏང་རྗེས། ཨུ་རུ་སུས་ཡུག་ཁེ་རན་ནང་གི་ཨུ་རུ་སུའི་ཡེ་ཤུ་ཆོས་རྒྱུད་རྩ་གཏོར་གཏོང་ཐབས་བྱེད་བཞིན་འདུག་ཅེས་བརྗོད་འདུག དེ་ནི་རྫུན་རེད།
རེས་གཟའ་ཕུར་བུའི་ཉིན། ཧྥ་རན་སིའི་སྲིད་འཛིན་མཱ་ཁེ་རུང་དང་ཡུ་རོབ་མནའ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ཨུ་སུ་ལཱ་ཝེན་ཏེར་ལེན་ཡེ་རྣམ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ནས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་དང་ཐུག་འཕྲད་གྲོས་མོལ་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཉེ་དུས་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་རྒྱལ་གྱི་ཁེ་ལས་ཚོར་རྒྱ་ནག་གི་དཔལ་འབྱོར་གྱི་མདུན་ལྗོངས་ཡངས་པོ་ཡིན་རབས་དང་སྲིད་ཇུས་གུ་ཡངས་འཛིན་རྒྱུའི་བརྡ་བསྟུད་མར་བཏང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་རྡུང་རྡེག་དྲག་པོ་གཏོང་བཞིན་ཡོད་།
བྱང་ཀོ་རི་ཡས་རྡུལ་མཚོན་གྱི་ཚོད་ལྟ་བསྟུད་མར་བྱེད་བཞིན་པར་གདོང་ལེན་བྱ་ཆེད། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་གཞི་རྒྱ་ཆེ་ཤོས་དེ་སྤེལ་བཞིན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་བྷིལ་གྷ་ལོ་ལཊ་དམག་སྦྱོང་གི་ཡུལ་དངོས་སུ་ཕེབས་ནས་སྤེལ་བའི་གནས་ཚུལ་དེ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིས་ཡུག་ཀེ་རན་ལ་ཁྱོན་ཨ་སྒོར་ཐེར་འབུམ་༡༡༣ ཙམ་གྱི་རིན་གོང་གནས་པའི་རོཊ་སྐྱོར་གནང་ཡོད་པ་དེ་ནི། ད་ཕན་ཨ་རིའི་ལོ་རྒྱུས་ཐོག་རོཊ་སྐྱོར་གྱི་ལས་འཆར་ཆེ་ཤོས་གྲས་ཡིན་པ་དང་། རེས་གཟའ་ལྷག་པའི་ཉིན་ཞིབ་བཤེར་མི་སྣས་རོཊ་དངུལ་དེ་དག་འཆར་གཞི་ལྟར་ཡུག་ཀེ་རན་ནང་བཏང་ཐུབ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
མང་སྣོན།