རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དེ་ཚེས་༡༨ཉིན་སྲིད་སྐྱོང་དབུ་བཞུགས་ཐོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་འཚོགས་སོང་ལ་སྐབས་དེར་༧གོང་ས་མཆོག་གིས་ལ་དྭགས་ཞི་བ་ཚལ་ནས་ཕྱི་རྒྱལ་དུ་གནས་སྡོད་བོད་མི་མི་རབས་གསར་པ་ཚོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་གནང་དགོས་པའི་གསུང་འཕྲིན་སྩལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས།
རྒྱ་གར་གཞོན་སྐྱེས་ནང་བསྟན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་༡༣ ཉིན་༧གོང་ས་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་གཞོན་སྐྱེས་ནང་པ་མང་པོར་མཇལ་ཁ་དང་བཀའ་སློབ་སྩལ། ༧གོང་ས་མཆོག་གིས་ང་ཚོས་ཤེས་དགོས་པ་ཞིག་ལ་འཕྲུལ་ཆས་ཀྱི་ལམ་ནས་བྱམས་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་སྒོམ་རྒྱུ་མེད་པ་སོགས་བཀའ་སློབ་སྩལ།
རྡ་རམ་ས་ལ་མཉམ་འབྲེལ་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ལོ་ ༢༥ རྗེས་རྒྱལ་ཡུམ་ཆེན་མའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་འགྲན་སྡུར་ནང་དོན་གྲུབ་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ལ་ཕམ་ཉེས་བཏང་སྟེ་གསར་གྱི་རྟགས་མ་ཐོབ་འདུག་པའི་སྐོར།
དཔེ་ཀློག་ལེ་ཚན་ལ་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་དང་ཉམས་ཞིབ་པ་ཤ་བོ་རྟ་མགྲིན་གྱིས་བརྩམས་པའི་ཏུང་ཧོང་གི་ལོ་རྒྱུས་ལ་དཔྱད་པ་ཞེས་པའི་བརྗོད་བྱ་དང་ཏུན་ཧོང་གི་ས་ཁུལ་ངོ་སྤྲོད། ཏུན་ཧོང་ཕུག་པའི་བོད་བཙན་པོའི་དུས་ཀྱི་ལྡེབས་རིས། ཆབ་སྲིད་དང་ཆོས་ལུགས་སོགས་ལ་རྩོམ་པ་པོར་བཅར་འདྲི་ཞུ་རྒྱུ་ཡིན།།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་ཚེས་༡༥དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་མཆོག་ནས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་གནང་མཛད་ཡོད་པ།
༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་ཉེ་ཆར་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་འཚོགས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་ (G7) གྱི་ཚོགས་འདུའི་བསྒྲགས་གཏམ་ནང་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབོད་སྐུལ་གནང་ཡོད་པ་དེར་འདི་ཚེས་༢༣ཉིན་དགའ་བསུའི་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཁུལ་གྱི་བོད་མི་གནས་སྡོད་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་དང་སྦྲགས། ཧི་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་དེ་རིང་དབྱིན་ཇིའི་རྒྱལ་པོ་ཆའར་ལེ་སི་གསུམ་པའི་རྒྱལ་སྲིད་ཁྲི་འདོན་མཛད་སྒོར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་འཕྲིན་གྱི་ནང་དོན་ངོ་སྤྲོད་གནང་ཡོད།།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་འཐུས་མི་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མགོན་པོ་མཆོག་ནས་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇེ་ཁེ་ལིན་གྱིས་སྣེ་ཁྲིད་པའི་ཕྷི་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག་པའི་སྐོར། བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ།
༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་ཧ་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཨར་ཐུར་བྷུ་རུག་ལཊ་ཀྱིས་སྣེ་ཁྲིད་པའི་འགོ་ཁྲིད་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་བདེ་སྐྱིད་ཀྱི་ཚོར་བ་ཞེས་པའི་ཚོགས་འདུར་དབུ་ཞུཊ་གནང་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ད་རེས་ཁ་བའི་མི་སྣའི་ལེ་ཚན་ནང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་བླ་སྨན་མཁྱེན་རབ་ནོར་བུའི་སྐུ་ཚེའི་བྱུང་བ་ངོ་སྤྲོད་དང་། ཁོང་གི་མཛད་རྗེས་གྲགས་ཆེ་བ་གང་དང་གང་བྱུང་ཡོད་པའི་སྐོར་ལ་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་ལུང་རྟོགས་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་ཡིན་ནོ།།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་རྒྱལ་ཁབ་ཡིན་པ་སླར་ཡང་གསལ་བསྒྲགས་བསྐྱངས་ནས་ལོ་༡༡༠ འཁོར་བའི་ཉིན་མོ་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་རྒྱལ་དར་དང་དབོན་ཞང་རྡོ་རིང་ཐོག་ཏུ་བརྐོས་པའི་འབྲུ་དོན་སོགས་ཁྱེར་ཏེ་དྲན་གསོའི་ཆེད་འགྱིང་འགྲོས་ཀྱིས་གོ་རྟོགས་སྤེལ་གནང་སོང་།
བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཁྲག་ལེན་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་དེ་མཚམས་འཇོག་དང་། ཐཱར་མོ་ཧྥི་ཤར་བཟོ་ལས་ཁང་གིས་ཁྲག་ལེན་རིགས་རྫས་བསྡུ་རུབ་ལ་མཁོ་བའི་ཡོ་ཆས་ཚོང་གཉེར་མཚམས་འཇོག་ཆེད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས་པར་རིས་འགྲེམས་སྟོན་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བའི་སྐོར།
རྒྱ་གར་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༤ འཁོར་བའི་དུས་ཆེན་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ལྷན་འཛོགས་ཐོག་གངས་སྐྱིད་སྲི་བཟློག་མཆོད་རྟེན་མདུན་ཐང་དུ་སྲུང་བརྩི་ཞུས་པ་དང་། སྲིད་སྐྱོང་གིས་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་དཔེ་ཀློག་ལེ་ཚན་ལ་ཉེ་ལམ་བོད་སྨྱུག་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཇཱོན་སི་ཊེན་བྷེག་གིས་བརྩམས་པའི་མུ་ཏིག་ཅེས་པའི་བརྩམས་སྒྲུང་གི་བརྗོད་བྱ་དང་ཁྱད་ཆོས་བཅས་ལ་བོད་འགྱུར་གྱི་ལོ་ཙཱ་བ་དཀོན་མཆོག་རབ་བརྟན་ལ་བཅར་འདྲི་ཞུས་ཡོད།།
བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་གྱི་ཉེ་འཁྲིས་སུ་བཙན་བྱོལ་ནང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་དེ་སྐོང་འཚོགས་གནང་སོང་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱེད་སྟངས་ནི་འཕྲུལ་རིག་གི་ཐོག་ནས་འཛམ་བུ་གླིང་གི་རྗེས་ཟིན་པ་དགོས་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད།
༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༣ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་ཚེས་༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་གནང་བ་དང་། མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སོགས་ཕེབས་ཡོད།
སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་དུས་ཐེངས་༡༥པ་འདི་བཞིན་འདི་ཚེས་༢༨ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་འཚོག་བཞིན་ཡོད་པའི་སྐོར་བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་བསྡུས་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་གཤམ་གསལ།
མང་སྣོན།