སྤྱི་ཟླ་༨ པའི་ཚེས་༡ རེས་གཟའ་ཕུར་བུའི་ཉིན་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷུ་ལིན་ཁེན་ལཊ་སོག་ཡུལ་དུ་ཕེབས་འབྱོར་གྱིས་ཡུལ་དེའི་སྲིད་འཛིན་ཡུ་ཁ་ན་གྷི་ལིན་ཁུ་རེལ་སཱ་ཁི་མཆོག་དང་། སྲིད་བློན་ཨོ་ཡོན་ཨར་ཏི་ནི་བློ་བཟང་རྣམ་རྒྱལ་མཆོག་རྣམ་གཉིས་དང་མཇལ་འཛོམས་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གཞུང་གིས་མི་འབོར་སྲིད་ཇུས་ལ་བཅོས་སྒྱུར་གཏོང་བའི་དུས་ཚོད་ཡག་ཤོས་དེ་ཡོལ་ཟིན་པ་དང་། ད་ཆ་ཕྲུ་གུ་སྐྱེ་རྒྱུར་སྐུལ་འདེད་གཏོང་ཐད་ལ་མི་ཚོའི་ལུས་སེམས་གཉིས་ཆ་དང་ཕྱི་དངོས་པོའི་མཐུན་རྐྱེན་ཐད་དཀའ་ངལ་ཆེན་པོ་གསུམ་འཕྲད་བཞིན་པའི་སྐོར་གྱི་གནས་ཚུལ་གཤམ་གསལ།
རེས་གཟའ་ལྷག་པའི་ཉིན་ལ། བལ་ཡུལ་གྱི་མཁའ་འགྲུལ་བཟོ་ཚོང་ཁང་གི་གནམ་གྲུ་ཆུང་གྲས་ཤིག་གནམ་ཐང་ནས་ཡར་འཕུར་དུས་བརྡབ་སྐྱོན་བྱུང་སྟེ། ཉུང་མཐར་མི་བཅོ་བརྒྱད་ཀྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ནང་མཁན་པོ་གློ་བོ་ངག་དབང་འཇིགས་མེད་ལགས་གདན་ཞུས་ཀྱིས་ཁོང་གིས་བརྩམས་གནང་བའི་གློ་བོའི་ལོ་རྒྱུས་མོལ་བ་ཞེས་པའི་དེབ་ཀྱི་བརྗོད་བྱ་དང་ཁྱད་ཆོས། དེབ་དེ་འདྲ་ཞིག་མཛད་པའི་དགོས་དམིགས་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པའི་ཚོགས་འདུ་གྲོལ་རྗེས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དང་། དབྱེ་ཞིབ་པ་ཚོས་དེ་ནི་རྒྱ་ནག་གི་དཔལ་འབྱོར་བཅོས་བསྒྱུར་གྱི་དུས་རབས་ལ་མཇུག་སྡོམ་བརྒྱབ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕིའུ་ཞིབ་འཇུག་ཁང་གི་ཉམས་ཞིབ་ལྟར་ན། ཨ་རིར་རྒྱ་ནག་གི་དཔལ་འབྱོར་གྱིས་ཤུགས་རྐྱེན་ཐེབས་ཐད། ལྟ་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་། ཨ་རི་བ་མང་ཆེ་བས་མཐོང་ཚུལ་ངན་པ་འཛིན་གྱི་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པ་འཚོག་བཞིན་པའི་སྐབས་འདིར། རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དང་། གཞོན་སྐྱེས་ལས་ཀ་ཤོར་མཁན་ཇེ་མང་ནས་ཇེ་མང་ཡིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་འོས་བསྡུ་ནི་འཛམ་གླིང་ནང་འགྲོ་སོང་ཆེ་ཤོས་ཀྱི་འོས་བསྡུའི་གྲས་ཤིག་ཡིན་ཞིང་། ༢༠༢༠ ལོར་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུའི་འགྲོ་སོང་ཨ་སྒོར་ཐེར་འབུམ་༡༦ ཕྱིན་ཡོད་པ་དང་། ༢༠༢༤ ལོར་དེ་ལས་མཐོ་སྲིད་པ་རེད། འོས་བསྡུའི་ལས་འགུལ་དེ་དག་གིས་དཔལ་འབྱོར་བསྡུ་རུབ་དང་འགྲོ་སོང་གཏོང་སྟངས་སྐོར་གཤམ་གསལ།
ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་རའེ་མོན་གྷི་རེན་ Raymond Greene ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་དང་མཇལ་འཕྲད་སྐབས་སུ། ཨ་རིས་མུ་མཐུད་ནས་ཐེ་ཝན་གྱི་རང་སྡེ་རང་སྲུང་གི་ནུས་པར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སོན་གྱིས་ཧ་ཌི་སོན་ཉམས་ཞིབ་ཁང་དུ་གཏམ་བཤད་གནང་སྐབས། རྒྱ་ནག་གིས་འཛམ་གླིང་ཞི་བདེ་ལ་ཉེན་ཁ་ཆེ་ཤོས་བཟོས་དང་བཟོ་བཞིན་པ་དང་། མ་འོངས་པར་དེར་ཁ་གཏད་འཇལ་བའི་ཁྲིམས་འཆར་རིམ་པ་ཞིག་འདོན་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡུ་རོབ་མནའ་འབྲེལ་གྱིས་རེས་གཟའ་པ་སངས་ཉིན་ནས་བཟུང་རྒྱ་ནག་གིས་བཟོས་པའི་གློག་གི་མོ་ཊར་སྒོ་ཁྲལ་འཕར་མ་བརྒྱ་ཆའི་༣༨ ཙམ་སྤར་རྒྱུ་ཡིན་ཞིང་། བྱེད་བབ་དེས་ཡུ་རོབ་མནའ་འབྲེལ་དང་རྒྱ་ནག་གཞུང་གི་དབར་ད་ཕན་བྱུང་མྱོང་མེད་པའི་ཚོང་དོན་ཀྱི་དཀའ་རྙོག་ཆེན་པོ་ཞིག་ཆགས་འཇུག་སྲིད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ།
མི་དམངས་ཀྱི་འདོད་བློ་རྟོག་ཞིབ་ལྟར་ན། དབྱིན་ཇིས་སྤྱི་ཟླ་༧ པའི་ཚེས་༤ ཡི་ཉིན་གྱི་རྒྱལ་ཡོངས་འོས་བསྡུ་ལས་དབུ་ཁྲིད་གསར་པ་ཞིག་འོས་འདེམས་བྱ་སྲིད་པར་མ་ཟད། འགག་རྩའི་གནད་དོན་ཐད་ཀྱི་སྲིད་ཇུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་སྲིད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ནས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་ལ་ཕུལ་བའི་༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་དོན་དང་ཤུགས་རྐྱེན་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།
ཇུ་ལི་ཨེན་ཨ་སན་ཇི་ལ་ཨ་རིའི་གསང་མྱུལ་ཁྲིམས་ལུགས་དང་རྒྱབ་འགལ་བྱས་ཡོད་པའི་ཉེས་མིང་འོག། མི་ལོ་༡༤ རིང་ལ་ཁྲིམས་དོན་དཀའ་རྙོག་མང་དག་ཞིག་བརྒྱུད་རྗེས། ཚེས་༢༦ ཉིན་ཁོ་པས་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ལ་ནག་ཉེས་ངོས་ལེན་གྱིས་སོ་སོའི་ཕ་ཡུལ་ཨོ་གླིང་དུ་ལོག་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཝེ་ཏེ་ནམ་དུ་འཚམས་འདྲི་འབྱོར་བ། ཨ་རིའི་མི་སེར་ཞིག་ལ་ཨུ་རུ་སུ་ཡིས་གསང་བའི་ཁྲིམས་བཤེར་བྱས་པ། རྒྱ་གར་ནང་ཆང་རྫུན་མ་འཐུང་ནས་ཉུང་མཐར་ཡང་མི་༣༤ ལ་འཆི་སྐྱོན། རྒྱ་ནག་དང་ཧྥེ་ལིན་ཕིང་བར་གྱི་གྲུ་གཟིངས་གདོང་ཐུག་གི་དོན་རྐྱེན།
འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་དང་སྟབས་བསྟུན། རྒྱལ་ཚོགས་སྐྱབས་བཅོལ་བའི་ལས་ཁུངས་ཀྱི་ཆེས་མཐོའི་དཔོན་པོས། སུའུ་ཏན་ནང་མི་མང་ས་ཡ་མང་པོ་སྡོད་གནས་མེད་པར་ཆགས་པའི་དཀའ་ངལ་ནང་ལྷུང་ཡོད་སྟབས། ཡུལ་དེའི་ནང་གི་དམག་འཁྲུག་གང་མགྱོགས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ནང་དགེ་བཤེས་ལྷ་རམས་པ་འབའ་པ་སྐལ་བཟང་འཕྲིན་ལས་ལགས་གདན་ཞུས་ཀྱིས་ཁོང་གིས་བརྩམས་གནང་བའི་རྩ་ཤེར་གཞུང་འགྲེལ་ཀླུ་སྒྲུབ་ཞལ་ལུང་དང་རིགས་ཚོགས་གཞུང་འགྲེལ་དབུ་མའི་འཇུག་ངོགས་ཞེས་པའི་དེབ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་བརྗོད་བྱ་དང་ཁྱད་ཆོས་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་ཡོད།
རེས་གཟའ་མིག་དམར་ཉིན་ལ། ཨ་རིའི་ཁྲིམས་འཛིན་ཞིབ་དཔྱོད་དཔོན་པོས་རྒྱ་ནག་གི་དངུལ་ནག་ཚོང་རྒྱག་མཁན་ཚོགས་པ་ཞིག་དང་མེག་སི་ཁོའི་དུག་རྫས་ནག་ཚོང་རྒྱག་མཁན་ཚོགས་པ་གཉིས་ངན་འབྲེལ་བྱས་པའི་གྱོད་དོན་གལ་ཆེན་ཞིག་རྩད་ཆོད་ནས། དོགས་ཡོད་ཉེས་ཅན་༢༤ ལ་ཉེས་འཛུགས་བྱས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ནས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་དང་ཧེ་ཛི་བྷོ་ལཱའི་དབར་ཕྱོགས་ཡོངས་ནས་དམག་འཁྲུག་ལངས་རྒྱུའི་ཉེན་ཁ་ཡོད་པ་དང་། དེ་གཉིས་བར་མེ་འཕེན་མཚམས་འཇོག་ཡོང་མིན་དེ་ཧ་ལམ་གྷ་ཛའི་དམག་འཐབ་དང་འབྲེལ་བ་ཡོད་སྲིད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྤྱི་ཟླ་༦ པའི་ཚེས་༡༢ ཉིན། ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཞིར་བཟུང་། ཕྱི་རྒྱལ་དུ་གནས་བཞུགས་དམངས་གཙོ་ལས་འགུལ་བ་༦ གི་ཕྱི་སྐྱོད་ལག་ཁྱེར་རྩིས་མེད་བཏང་སྟེ། ཁོང་ཚོ་དང་དཔལ་འབྱོར་གྱི་འབྲེལ་བ་ཡོད་པའི་སྤྱི་སྒེར་ཚང་མ་ཁྲིམས་འགལ་ཡིན་པའི་གསལ་བསྒྲགས་བྱས་སྐོར་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།