ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནེའུ་ཡོག་ཏུ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་བའི་གནས་ཚུལ་གསར་ཤོས་དང་། བཞུགས་སྒར་དྷ་རམ་ས་ལ་སོགས་སུ་༧གོང་ས་མཆོག་གི་སྨན་བཅོས་ལམ་ལྷོངས་ཡོང་བའི་སྨོན་ལམ་འདུས་འཛོམས། ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་རྩོད་བསྡུར་ཐོག་མ་སོགས་ཡོད།
ཨི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཇིའུ་ཆོས་ལུཊ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་དམག་མིར་སྒྲིག་ཞུཊ་བྱེད་དགོས་པའི་བཀའ་ཁྱབ་གནང་བ་དེས། སྲིད་བློན་ནེ་ཐ་ཡ་ཧུ་ཡི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཁྲོད་དུའང་ཐག་གཅོད་དེར་དགོངས་ཚུལ་གཅིག་མཚུངས་ཤིག་མེད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཨ་མེ་རི་ཀའི་མཚོ་དམག་གི་གྲུ་གཟིངས་ལ་གཟིགས་ཞིབ་གནང་བ། ཧོང་ཀོང་གི་རྒྱལ་དོན་བདེ་འཇགས་དང་འབྲེལ་བའི་འགྱོད་གཞིའི་འོག་ཉེས་ཅན་ཁྲིམས་གཅོད་བྱས་ཏེ་ཚེ་བཙོན་གྱི་བཅད་ཁྲ་གཏང་སྲིད་པ། དབྱིན་ཇིའི་རྒྱལ་པོ་སྟངས་དཔྱལ་གྱིས་ཉི་ཧོང་གི་གོང་མ་སྟངས་དཔྱལ་ལ་སྣེ་ལེན་ཞུས་གནང་བ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་བཞུགས་སྒར་དུ་སྲུང་བརྩི་ཞུས་སྐོར་དང་། ཨི་སི་རེལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཨ་རིར་འཚམས་གཟིགས། ཨུ་རུ་སུའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་འཛིན་བཟུང་དགོས་པའི་བཀའ་ཁྱབ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་ནང་དམག་ཞབས་རྗེས་དྲན་གྱི་དུས་ཆེན་སྲུང་བརྩི་བྱས་པ་སོགས་རྒྱལ་སྤྱིའི་གནས་ཚུལ་མདོར་བསྡུས་གཞན་ཁག་ཅིག་གསན་རོགས་གནང་།།
ལེ་ཆིང་ཊེ་ཡིས་ཐེ་ཝན་གྱི་སྲིད་འཛིན་འོས་འགན་བཞེས། རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་འགྲེམས་སྟོན། ཨ་རིས་མྱ་ངན་ཞུས་ཤིང་ལག་དམར་ཡིན་པའི་སྐྱོན་བརྗོད་བྱས། བྷ་ཌན་དང་ཊམ་གཉིས་ཀའི་རྒྱ་ནག་གི་ཚོང་ཟོང་སྒོ་ཁྲལ་སྲིད་ཇུས།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་འཛིན་ཟུར་པ་ཊམ་གྱི་ཁྲིམས་བཤེར་གནས་སྟངས་དང་། ཨ་ཧྥེ་རི་ཀའི་ཀོན་གྷོའི་སྲིད་འགྱུར་ཉེན་ཁ། མེག་སི་ཀོའི་སྲིད་འཛིན་འོས་མིར་བུད་མེད་གཉིས་ཀྱིས་ལས་འགུལ་སྤེལ་བཞིན་པའི་སྐོར་སོགས་ཡོད།
ཐེ་ཝན་གྱི་སྲིད་འཛིན་གསར་པས་དམ་བཅའ་འབུལ་བཞེས་གནང་སྟེ་རྒྱ་ནག་གིས་ཐེ་ཝན་གྱི་ཐོག་སྲིད་དོན་དང་དྲག་པོའི་སྡིགས་སྐུལ་དེ་དག་མཚམས་འཇོག་བྱས་ཏེ་ཐེ་ཝན་མི་མང་གི་རེ་འདོད་ལ་བརྩི་བཀུར་བྱས་ནས་ཞི་བདེ་བསྐྲུན་ཐབས་བྱེད་དགོས་ཞེས་གསུངས་པ་དང་འབྲེལ་འབྱུར་འགྱུར་ཐེ་ཝན་དང་ཨ་རིའི་མཉམ་འབྲེལ་སྲ་བརྟན་གཏོང་རྒྱུའི་ཁས་ལེན་གནང་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་འདུ་ཐེངས་དྲུག་པ་དེ་སུད་སིའི་ནང་སྐོང་འཚོགས་གནང་བ་དང་། ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་འབོར་ཆེན་སྤར་བ། བྷི་ལིན་ཁེན་གྱིས་ཡུག་ཀེ་རེན་ལ་འཚམས་གཟིགས། གྷ་ཛའི་དམག་འཁྲུག་ཐད་བློ་འཚབ། གོ་བདེ་བའི་རྩོམ་རིག་ཐད་ཀྱི་བགྲོ་གླེང་འཚོགས་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་ཐོག་འགན་འཛིན་ལྷན་ཚོགས་ཀྱིས་རྒྱ་ནག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པ་དང་། ཇོར་ཇི་ཡའི་ཕྱི་རྒྱལ་གྱི་ངོ་ཚབ་ཅེས་པའི་ཁྲིམས་འཆར་ནི་ཨུ་རུ་སུས་ངན་སྐུལ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱེད་པ་རེད།
སུད་སུའི་གྲོང་ཁྱེར་Zurich གི་ཉེ་འདབས Hilton མགྲོན་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་སྐབས་༡༦ པའི་བཀག་ཤག་གི་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་ཆེན་ཐེངས་དྲུག་པ་དེ་མཇུག་སྡོམ་ལེགས་འགྲུབ་བྱུང་ཡོད་པ་རེད།།
པུ་ཊིན་གྱིས་དྲག་པོའི་འགྲོ་གྲོན་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་དཔལ་འབྱོར་འགྲོ་གྲོན་འཆར་རྩིས་ཀྱི་ནང་གཅིག་སྡུད་བྱ་རྒྱུ་དང་། ཡུག་ཀེ་རེན་གྱི་དམག་འཁྲུག་ནང་རྒྱལ་ཁ་ཐོབ་ཐབས་སུ་གསར་གཏོད་ཀྱི་ནུས་པ་བེད་སྤྱོད་ལེགས་པ་གཏོང་རྒྱུར་དམིགས་ཏེ་གཟའ་ཉི་མའི་ཉིན་ཞི་བའི་དཔལ་འབྱོར་རིག་པ་བ་ཞིག་རྒྱལ་སྲུང་བློན་ཆེན་གསར་པར་བསྐོ་གཞག་བྱས།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཡུ་རོབ་ཕྱོགས་སྐྱོད་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་སུ་གཏམ་བཤད་གནང་བ། སྲིད་འཛིན་བྷ་ཌན་གྱིས་ཇིའུ་མི་རིགས་དམར་གསོད་ཀྱི་ལོ་རྒྱུས་དྲན་རྟེན་དུས་དྲན་མཛད་སྒོའི་ཐོག་གསུང་བཤད་གནང་བ། ཨུ་རུ་སུའི་སྲིད་འཛིན་གྱི་ཁྲི་སྟོན་མཛད་སྒོ་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་རཱ་སིམ་ཧའི་རྗེས་དྲན་གཟེངས་རྟགས་འབུལ་བཞེས་དང་། གྷ་ཛའི་དམག་འཁྲུག་དང་ཨ་རིས་གོ་མཚོན་མཁོ་སྤྲོད་མཚམས་འཇོག ཨ་རིའི་༢༠༢༤ ལོའི་འོས་བསྡུའི་མཐའ་མའི་ཟླ་བ་དྲུག ཞི་ཅིན་ཕིང་གི་ཡུ་རོབ་འཚམས་གཟིགས་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་བ་དང་། བོད་མིའི་ཚོགས་པ་ཁག་གིས་དེ་ལ་དགའ་བསུ་དང་འབོད་སྐུལ། རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན། གྷ་ཛའི་དམག་འཁྲུག་དང་མི་ཆོས་རོགས་སྐྱོར། ཨ་རིའི་སློབ་གླིང་ཁག་ཏུ་ངོ་རྒོལ་སྐད་འབོད། ཨུ་ཡུག་དམག་འཁྲུག་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོ་སྤེལ་བ་དང་། སྲིད་འཛིན་ཟུར་པ་ཊམ་ལ་ཚོང་དོན་རྩིས་ཐོ་རྫུན་བཟོ་བཟོས་པའི་ཐད་ཁྲིམས་བཤེར། ཡོ་རོབ་ཏུ་ཡུག་ཀེ་རེན་ལ་རོགས་སྐྱོར་ཐད་མཉམ་འབྲེལ་འབད་བརྩོན་བྱ་རྒྱུ་ཡིན་པ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མར་ཐེ་ཝན་སོགས་ལ་རོགས་སྐྱོར་ཁྲིམས་འཆར་ལ་ཆོག་མཆན་བཀོད་པ་དང་། ཞོ་སྟོན་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་ཚོར་བཀའ་སློབ། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་འཚམས་གཟིགས་དང་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་འདོན་སྤེལ་བྱས་པ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་གནང་བ་དང་། ཨི་སི་རེལ་གྱིས་ཨི་རན་ལ་ཡ་ལན་སློག་པར་ངོ་རྒོལ་དང་གནོན་ཤུགས། ཨ་རི་དང་ཨི་རག་གི་འབྲེལ་ལམ། ཡུག་ཀེ་རེན་ནང་ཨ་རིའི་རོགས་སྐྱོར་ག་དུས་ཡོང་མིན་གྱི་བློ་འཚབ། རྒྱ་གར་གྱི་འོས་བསྡུ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ་དང་། སྲིད་འཛིན་ཊམ་ལ་ཁྲིམས་བཤེེར། ཨ་རི་དང་རྒྱ་ནག་གི་རིག་དངོས་བདག་དབང་གི་རྩོད་གླེང་། ཨ་རིའི་མཁའ་དབྱིངས་ལས་དོན་ལས་ཁུངས་ཀྱི་དམིགས་འབེན་གསར་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཕྱོགས་ཕེབས་དང་། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་མཇལ་འཕྲད། བལ་ཡུལ་གྱི་ངོ་རྒོལ། ཉི་མ་རིལ་འཛིན་བཅས་ཡོད།
མང་སྣོན།