ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་བགྲོ་གླེང་རྩོད་བསྡུར་བྱ་རྒྱུ་དང་། བྷང་ལ་ཎེ་ཤིའི་འགོ་ཁྲིད་གསར་པས་དམ་འབུལ་གནང་བ། ཨུ་རུ་སུའི་རྒྱལ་མཚམས་བརྒལ་བའི་གཏོར་རྒོལ། ཧ་མ་སིའི་འགོ་ཁྲིད་གསར་པར་ཨི་སི་རེལ་གྱིས་དམིགས་བསལ་དོ་སྣང་། འཇར་མན་གྱི་བོད་ཕྲུག་ཚོར་བོད་ཡིག་ཟབ་སྦྱོང་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སི་པན་གྱི་ཀ་ཊ་ལི་ཎ་ཁུལ་གྱི་འགོ་ཁྲིད་ལོ་བདུན་ལྷག་ལ་བཙན་བྱོལ་དུ་བཞུགས་རྗེས་ཕྱིར་སླེབས་པ་དང་། དབྱིན་ཡུལ་གྱི་དྲག་ཟིང་གི་གནས་སྟངས། གྷ་ཛ་ཁུལ་དུ་ནད་ཡམས་སྔོན་འགོག་གི་ལས་དོན། ཨ་ཧྥེ་རི་ཀའི་ཁན་ཡའི་ནང་གི་ངོ་རྒོལ་སྐད་འབོད་སོགས་ཡོད།
ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་མདུན་བསྐྱོད་ཚོགས་པ་ཞེས་པའི་ཕྱོགས་འགལ་ཚོགས་པ་དེས། རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཁྱིམ་ཚང་ལ་མཚན་སྨད་ཞུ་མི་ཆོག་པའི་ཁྲིམས་གཞི་དེར་ལེགས་བཅོས་གཏོང་དགོས་པའི་གྲོས་འཆར་བཏོན་པ་དེ། རྩ་ཁྲིམས་ལ་འགལ་ཡོད་པ་ཐག་གཅོད་ཀྱིས་ཚོགས་པ་དེ་ཕྱིར་བསྡུ་བྱ་དགོས་པའི་བཀའ་རྒྱ་བཏང་སྐོར་འདིར་གསལ།
བྷངྒ་ལ་ཌེ་ཤིའི་ནང་ལོ་ངོ་༡༥ རིང་དབང་སྒྱུར་བྱེད་མཁན་སྲིད་བློན་བྲོས་བྱོལ་སྐོར་དང་། ཨ་རི་དང་ཨོ་སི་ཁྲི་ལི་ཡ་གཉིས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་རྣམས་མཇལ་མོལ་གནང་སྟེ་དེང་སྐབས་རྒྱ་ནག་གི་བཙན་ཤེད་ཅན་གྱི་བྱ་སྤྱོད་དང་། ཨུ་རུ་སུས་ཡུག་ཀི་རན་ལ་བཙན་འཛུལ། དཀྱིལ་ཤར་ཁུལ་གྱི་དྲག་ཟིང་སོགས་ཀྱི་ཐད་གོ་བསྡུར་གནང་འདུག།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཧེ་རི་སིས་འོས་བསྡུའི་ཕྱག་རོགས་སུ་མངའ་སྡེ་སྲིད་སྐྱོང་ཊིམ་འདེམས་པ། ཧེ་ཛི་བྷོ་ལཱས་ཨི་སི་རེལ་ནང་གཏོར་རྒོལ་བཏང་ཡོད་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
རེས་གཟའ་མིག་དམར་ཉིན། སྲིད་འཛིན་གཞོན་པ་ཀ་མ་ལཱ་ཧེ་རི་སིས་ཁོང་གི་འོས་བསྡུའི་ཕྱག་སྦྲེལ་ལམ་སྲིད་འཛིན་གཞོན་པའི་འོས་མིར་མི་ནི་སོ་ཊ་མངའ་སྡེའི་སྤྱི་ཁྱབ་ཊིམ་ཝལ་ཛི་ལགས་འདེམས་སྒྲུག་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨུ་རུ་སུའི་ལོ་རྒྱུས་རང་བཞིན་ལྡན་པའི་བཙོན་པ་བརྗེ་རེས་སྐོར་དང་། དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་གཉིས་པ་ཚུགས་པ། བྷ་ལིན་ཁེན་སོག་ཡུལ་དུ་ཕེབས་ཏེ་སྲིད་བློན་དང་མཇལ་མོལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཧ་མ་སིའི་འགོ་ཁྲིད་ཀྱི་ཕུང་པོ་དུར་སྦས་དང་དམག་འཁྲུག་ལངས་རྒྱུའི་ཉེན་ཁ། ནེ་ཇི་རི་ཡའི་ནང་མི་དམངས་ཀྱི་ངོ་རྒོལ་གྱི་ལས་འགུལ། རྒྱ་གར་གྱི་མངའ་སྡེ་ཁེ་རེ་ལཱའི་ས་རུད་ཀྱི་ཉེན་སྐྱོབ་ལས་དོན་མུ་མཐུད་བཞིན་པ། ཟླ་བ་བདུན་པའི་ཚེས་བཅུའི་ཉིན་ཧ་མ་སིས་ཨེ་སི་རེལ་གྱི་མི་གཏའ་བཙན་ཁྲིད་བྱས་ཏེ་ཉིན་གྲངས་༣༠༠ འཁོར་བ།
རྒྱལ་ཁབ་མང་པོ་ཞིག་གི་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ཨུ་རུ་སུའི་བཙོན་ཁང་དུ་ཡོད་པའི་སྲིད་དོན་བཙོན་པ་༡༦ དང་ཨུ་རུ་སུའི་མི་༨ བརྗེ་པོ་བརྒྱབ་སྟེ། གསར་འགོད་པ་དང་དམག་ཟུར་ཐེ་བའི་ཨ་རི་བ་ཁག་ཅིག་ཨུ་རུ་སུའི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིས་ཧ་མ་སིའི་འགོ་ཁྲིད་ལྐོག་གསོད་ཐད་ཐེ་གཏོགས་མེད་ཅེས་བརྗོད་ཡོད་པ་དང་། བདུན་ཕྲག་འདིའི་ནང་ཨི་རན་གྱིས་རྒྱབ་སྐྱོར་བྱས་པའི་དྲག་སྤྱོད་པའི་འགོ་ཁྲིད་གཉིས་ལྐོག་བསད་ཐེབས་པ་དེས་མངའ་ཁུལ་དེའི་ནང་འཁོན་འཛིན་ཇེ་ཆེར་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཧ་མ་སིའི་འགོ་ཁྲིད་བསད་ཡོད་པ། ཨ་རིས་ཨི་སི་རལ་དང་ཧེ་ཛ་བྷོ་ལཱའི་འཁྲུག་རྩོད་འཇགས་ཐབས་བྱེད་སྐོར། རྒྱ་ནག་བཅིངས་འགྲོལ་དམག་གི་དགའ་སྟོན་ལ་ངོ་རྒོལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷུ་ལིན་ཁེན་དང་རྒྱལ་སྲུང་དྲུང་ཆེ་ལོ་ཡེ་ཨོ་སི་ཊིན་རྣམ་གཉིས་ཀྱིས་ཧྥེ་ལི་ཕིན་གྱི་བློན་ཆེན་རྣམས་དང་མཇལ་འཕྲད་གནང་བ། ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་གི་སྡིགས་སྐུལ་ཐད་འཛམ་གླིང་ལ་ཉེན་བརྡ། བྷང་ལ་དྷེ་ཤིའི་ནང་ལས་ཐོག་སྲིད་བློན་གྱི་གཞུང་འཛིན་ལ་ངོ་རྒོལ་བྱུང་བ།
དེ་རིང་སྤྱི་ཟླ་༧ པའི་ཚེས་༢༦ རེས་གཟའ་པ་སངས་ཉིན་པེ་རི་སིའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་དངོས་སུ་དབུ་འབྱེད་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དབྱར་དུས་འཛིན་གྲྭ་འཚོག་བཞིན་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
བྷ་ཌན་གྱིས་ཨི་སི་རེལ་གྱི་སྲིད་འཛིན་ནེ་ཐ་ཡ་ཧུ་ལ་མཇལ་འཕྲད་གནང་བ། པ་ལི་སི་ཐན་གྱི་ཤོག་ཁག་༡༤ ཡིས་རྒྱ་ནག་ནས་གྲོས་མཐུན་ཞིག་བཞག་པ། ཨུ་རུ་སུས་ཡུག་ཀེ་རན་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད། ཨོ་རྩལ་འགྲན་ཚོགས་སུ་སྨན་རྫས་བེད་སྤྱོད་སོགས་གཡོ་རྫུན་རིགས་འཁྲབ་མི་ཆོག་ཅེས་བརྗོད།
ཨ་མི་རི་ཀའི་ནང་ལྕམ་ཀ་མ་ལ་ཧེ་རི་སི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་བའི་རྗེས་སུ། ཁོང་གི་ཨ་མའི་འཁྲུངས་ཡུལ་རྒྱ་གར་གྱི་ནང་དགའ་ཚོར་ཆེན་པོ་བྱེད་བཞིན་པ་དང་། ཁོང་གི་བསམ་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་བྱེད་བཞིན་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་གྱི་སྲིད་འཇིན་ནེ་ཐ་ཡ་ཧུས་ཨ་རིའི་གྲོས་ཚོགས་སུ་གཏམ་བཤད་གནང་རྒྱུ། ཁེ་ནི་ཡའི་ནང་གཞོན་སྐྱེས་ཚོས་ངོ་རྒོལ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་ལམ་དང་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཀ་མ་ལ་ཧེ་རི་སི་དང་རྒྱ་གར་གྱི་འབྲེལ་བའི་སྐོར་དང་། སྲིད་འཛིན་གཞོན་པའི་འོས་མི་ཇེ་ཌི་ཡི་རྒྱབ་ལྗོངས་དང་ལྟ་གྲུབ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་བུད་མེད་སྲིད་འཛིན་གཞོན་པ་ཐོག་མ་ཀ་མ་ལཱ་ཧ་རི་སི་ལཊ་དམངས་གཙོ་་ཚོགས་པའི་སྲིད་འཛིན་འོས་མི་ཆཊ་སྲིད་པའི་སྐོར་ལ་འདི་གའི་གསར་འགོད་པ་ཀ་རོ་ལིན་པི་རི་སུ་ཊི་ཡིས་ཀ་མ་ལ་ཧ་རི་སིའི་མི་ཚེའི་ལོ་རྒྱུས་དང་འདས་པའི་ལོ་ངོ་བཞིའི་རིང་གི་བྱས་རྗེས་ཁག་ལ་ཕྱིར་མིག་བལྟས་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུས་ཡོད།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཚོགས་ཆེན་གཏམ་བཤད་སྐོར་དང་། ཚང་འཛོམས་གྲོས་ཚོཊ་ཀྱི་སྤྱི་བསྒྲགས་དང་མང་ཚོགས་ཀྱི་མངོན་འདོད། ཊམ་གྱི་ཐེ་ཝན་སྲུང་སྐྱོབ་ཆ་རྐྱེན་དང་གློག་ལེབ་བཟོ་གྲྭའི་ཁེ་འབབ། ཡུ་རོབ་མནའ་འབྲེལ་ལྷན་ཚོགས་སུ་ཧང་གྷ་རིའི་བྱེད་བབ་ལ་སྐྱོན་བརྗོད་བྱས་པ་བཅས་ཡོད།
མང་སྣོན།