ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུངས་དོན་ལ། ཨུ་རུ་སུའི་དོ་དམ་འོག་ཡོད་པའི་ཨ་རིའི་མི་སེར་Brittney Griner དང། དམག་མི་ཟུར་པ་Paul Whelan གཉིས་གློད་གྲོལ་ཡོང་རྒྱུར་ཨུ་རུ་སུར་གྲོས་འཆར་ཞིག་ཕུལ་ཡོད་ཟེར། ཨ་རིའི་མི་སེར་གཉིས་གློད་གློལ་ཡོང་ཐབས་ཐད་ཐབས་ཤེས་འཐེན་བཞིན་པ་ཀུན་བཟང་རིག་འཛིན་གྱིས་ངོ་སྤྲོད་བྱས་ཡོད།
རེས་གཟའ་ཕུར་བུའི་ཉིན་ཨུ་རུ་སུས་ཡུ་ཀེ་རན་གྱི་དབུས་ཕྱོགས་གྲོང་ཁྱེར་Vinnytsia ལ་མེ་སྒྱོགས་ཀྱི་གཏོར་རྒོལ་བྱས་ཏེ་ཉུང་མཐར་མི་སྣ་༢༠ ལ་སྲོག་སྐྱོན་བཏང་ཡོད་པ་དང་། གཞན་༩༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པའི་སྐོར་ཡུག་ཀེ་རན་གྱི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག འདིའི་སྐོར་རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།
ཟླ་བ་སྔོན་མར་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་ཨུ་ཝལ་ཌེ་གྲོང་རྡལ་གྱི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་ནས་སློབ་ཕྲུག་༡༩་དང་དགེ་རྒན་གཉིས་བཅས་ཁྱོན་བསྡོམས་མི་༢༡་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། ད་ཆ་ཨ་རིའི་གྲོས་ཚོགས་ཀྱིས་མེ་མདའ་བཀག་སྡོམ་བྱེད་ཕྱོགས་ཀྱི་གྲོས་ཆོད་ཅིག་འཇོག་ཐབས་བྱེད་བཞིན་ཡོད་པ་རེད།།
༄༅།། རྒྱ་ནག་གི་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ནད་འགོག་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས་ངོ་རྒོལ་བྱས་པའི་རྗེས་སུ་སློབ་ཕྲུག་ཚོའི་འགྲོ་འོང་ལ་དམ་དྲག་བྱ་རྒྱུའི་འཆར་གཞི་ཁག་ལྷུག་ཡངས་བཏང་དགོས་བྱུང་ཡོད་པའི་སྐོར།
༄༅། ཨ་ཧྥི་རི་ཀར་ཁ་པར་དང་བརྡ་འཕྲིན་མ་ལག་བཙུགས་ནས་ཚོང་ལས་གཉེར་རྒྱུ་དེར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་འགྲན་སྡུར་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།
༄༅། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་དབང་འཛིན་ཤོག་ཁག་གིས་ཁ་ཆེའི་ལྟ་བ་མཁྲེགས་འཛིན་བྱེད་ཀྱི་ཡོད་ཅིང་། ཟླ་བ་འདིའི་ཚེས་༧་ཉིན་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་བུད་མེད་རྣམས་རང་ཁྱིམ་ནས་ཕྱི་ལ་བསྐྱོད་པའི་སྐབས་སུ་མགོ་ནས་རྐང་རྩེའི་བར་དུ་སྙོབ་པའི་གྱོན་གོས་ངེས་པར་དུ་གྱོན་དགོས་ཞེས་བཀའ་རྒྱ་བཏང་ཡོད་པའི་སྐོར།
༄༅།། ཟླ་བ་འདིའི་ཕྱི་ཚེས་༢་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་ཚོགས་ཆུང་ཞིག་རྒྱལ་ས་ཕེ་རི་སིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་དང་མཇལ་མོལ་གནང་ཡོད་ཅིང་།
༄༅།། ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་སྡུག་པོ་ཡོད་བཞིན་པའི་སྐབས་འདིར་རྒྱལ་ཁབ་གཉིས་ཀྱིས་བཙོན་པ་བརྗེ་ལེན་བྱས་ནས་ཨ་རིའི་དམག་མི་ཟུར་པ་ཊི་རེ་ཝོར་རི་ཌི་གློད་གྲོལ་ཐོབ། ཁོང་གི་ཚབ་ལ་བཟི་སྨན་ནག་ཚོང་གི་ཉེས་ཆད་ཕོག་ཡོད་པའི་ཨུ་སུ་རུའི་གནམ་གྲུའི་ཁ་ལོ་བ་ཡ་རོ་ཤེན་ཀོ་གློད་གྲོལ་གཏོང་དགོས་བྱུང་ཡོད་པའི་སྐོར།
༄༅། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཚོང་ལས་གཉེར་ཕྱོགས་ཀྱི་ཡིག་ཆ་ཁག་ཅིག་ནེའུ་ཡོག་མངའ་སྡེའི་ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱ་དགོས་ཞེས་ཁྲིམས་ཁང་གིས་བཀའ་རྒྱ་བཏང་བར་བརྩི་མེད་བཏང་སྟེ་ཁྲིམས་དཔོན་གྱིས་ཌོ་ནལ་ཊམ་ལ་ཨ་སྒོར་ས་ཡ་༡༠་ཉེས་ཆད་བཅད་འདུག་པའི་སྐོར།
༄༅།། རྒྱ་ནག་གཞུང་གི་དོ་དམ་འོག་ཏུ་ཚུད་པའི་བོད་པ་རྩོམ་པ་པོ་བློ་བཟང་གྲགས་པའམ། དྷི་ལྷ་ལྡན་དང་གཞས་པ་ལྷུན་གྲུབ་གྲགས་པ། དེ་བཞིན་དགེ་རྒན་རིན་ཆེན་སྐྱིད་གསུམ་གྱི་གནད་དོན་ཐད། རྒྱལ་ཚོགས་ཀྱི་མཁས་པའི་ཚོགས་ཆུང་དྲུག་གིས་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་སྟོན་གནང་སྟེ་གླེང་སློང་བྱུང་ཡོད་པའི་སྐོར།