ཀུན་གླེང་། ༢༠༢༤ ལོའི་ཟླ་༨ ཚེས་༢༣

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་སུད་སི་ལ་ཆིབས་སྒྱུར་བསྐྱངས་པ་དང་། ཨ་རིའི་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་སྟེང་སྲིད་འཛིན་གཞོན་པ་ཧེ་རི་སི་ཡིས་སྲིད་འཛིན་གྱི་འོས་མིར་མིང་འདོན་དང་ལེན་བྱས་པ་བཅས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་དང་འདི་ག་རླུང་འཕྲིན་ཁང་གི་ཆེད་སྐྱོད་གསར་འགོད་པ་རྣམ་རྒྱལ་ཤསྟྲི་གདན་འདྲེན་ཞུས་ནས་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་དང་མང་ཚོགས་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་བགྲོ་གླེང་ཞུ་རྒྱུ་ཡིན།།