ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༡༥
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་ཚོགས་ཆེན་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ། ཁ་ཆེའི་རྒྱལ་ཁབ་མང་པོས་གྷ་ཛའི་ནང་གི་མེ་འཕེན་མཚམས་འཇོག་དགོས་པའི་འབོད་སྐུལ། བོད་དོན་ཞུ་གཏུག་ལས་འགུལ་གྱི་ཟབ་སྦྱོང་། དབྱིན་ཇིའི་སྲིད་བློན་ཟུར་པ་ཞིག་ཕྱི་སྲིད་དྲུང་ཆེ་ཆགས་པ་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྟའུ་བསྟན་འཛིན་དམ་ཆོས་ལགས་དང་མཉམ་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་ཆེན་APEC དང་། དེའི་སྟེང་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཟུར་དུ་མཇལ་འཕྲད་གནང་བའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་རེད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གཞུང་གིས་དོམ་ཁྲའི་ཕྱི་འབྲེལ་སྲིད་ཇུས་ཞེས་རྒྱལ་ཁབ་གཞན་ལ་བོད་ཀྱི་དོམ་ཁྲ་སྤྲད་དེ་ཕྱི་འབྲེལ་འཛུགས་པའི་ལུགས་སྲོལ་ཞིག་ཡོད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།