ཀུན་གླེང་། ༢༠༢༣ ལོའི་ཟླ་༨ ཚེས་༤
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་འོས་བསྡུའི་མཇུག་འབྲས་སློག་འཆར་བྱས་པའི་ཐད་ཁྲིམས་ཁང་དུ་འབོད་འགུག་བྱས་པ་དང་། ཨ་ཧྥེ་རི་ཀའི་ཎི་ཇཱེར་གྱི་སྲིད་འགྱུར་ལ་དོ་སྣང་། འཛམ་གླིང་བཟའ་བཅའི་དཀའ་ངལ་ནི་ཨུ་རུ་སུས་བཟོས་པ། ཨ་རིའི་མཚོ་དམག་གཉིས་འཛིན་བཟུང་། རྒྱ་གར་དུ་འབྱུང་བཞིན་པའི་དྲག་སྤྱོད་སོགས་ཡོད།
ཐེངས་འདིའི་དྲ་སྣང་གི་བོད་དུ་ཐུགས་བསྐྱེད་དམ་བཅའ་བཞིའི་དམིགས་བསལ་ལས་རིམ། ཕྱི་རྒྱལ་གསར་འགོད་པས་ལྷ་ས་ནས་སྤེལ་བའི་གསར་འགྱུར། བརྡ་ཆད་གཏན་འབེབས་ཟིན་པའི་ཐ་སྙད་འཚོལ་བཤེར་བཅས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ངོ་སྤྲོད་བྱས་པའི་ཚན་པ་གཉིས་པ་གཟིགས་འབུལ་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་མཆོག་གླང་གདན་འདྲེན་ཞུས་ནས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་གནས་སྟངས་དང་ཤེས་ཡོན་སློབ་སྦྱོང་གི་གྲུབ་འབྲས། ལེགས་བཅོས་གཏོང་ཕྱོགས་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།