ཀུན་གླེང་། ༢༠༢༣ ལོའི་ཟླ་༧ ཚེས་༢༨

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུ་དང་ཨ་ཧྥེ་རི་ཀའི་ཚོགས་ཆེན་སྟེང་རྒྱལ་ཁབ་མང་པོ་ཞིག་མཉམ་ཞུགས་བྱས་མེད་པ་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སོར་གནས་ཡིན་པ། ཨ་རིའི་དྲུང་ཆེ་གཉིས་ཀྱིས་ཞི་བདེའི་རྒྱ་མཚོའི་ཁུལ་ལ་འཚམས་གཟིགས། ཉི་ཧོང་གིས་རྒྱ་ནག་ལ་གློག་ཆས་བཀག་སྡོམ། ཀམ་བྷོ་ཌི་ཡའི་ཆབ་སྲིད་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་མ་ཎི་རྡོ་འབུམ་དང་དྲ་ཐོག་བགྲོ་གླེང་། པདྨ་ཚེ་བརྟན་གྱི་གློག་བརྙན་༼གསའ།༽ རྒྱ་ནག་གིས་བོད་ཕྲུག་བཙན་ཁྲིད་བྱེད་མེད་ཅེས་པར་ལན་འདེབས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་འཇིགས་བྲལ་གློག་བརྙན་བཟོ་མཁན་དང་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་དང་། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་རྣམ་གཉིས་གདན་འདྲེན་གྱིས་རྒྱ་གཞུང་གིས་མདོ་སྨད་མང་རའི་ཡུལ་དུ་དུས་འཁོར་དབང་ཆེན་བཀག་སྡོམ་བྱས་པའི་འབྱུང་རྐྱེན་དང་། མཚོན་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།