ཀུན་གླེང་། ༢༠༢༣ ལོའི་ཟླ་༧ ཚེས་༡༤
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་དང་། སྲིད་འཛིན་བྷ་ཌན་ཡུ་རོབ་བྱང་རྒྱུད་ཀྱི་འགོ་ཁྲིད་རྣམ་པར་མཇལ་འཕྲད་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུར་མཉམ་ཞུགས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨིན་རྡུ་ནེ་ཤི་ཡའི་ཚོགས་ཆེན་དུ་ཕེབས་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་སོགས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་དྲ་ལམ་དུ་འཁྲུངས་སྐར་སྲུང་བརྩི་དང་། ༧པཎ་ཆེན་རིན་པོ་ཆེའི་སྲས་མོ། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཟུར་བའི་ལྷན་འཛོམས་སོགས་ཡོད།
ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མི་ལོ་༢༤ ལྷག་རྒྱ་གཞུང་གི་བཙོན་འོག་དུ་བཀའ་སྡུག་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར། བློ་བཟང་ནོར་བུ་ལགས་ངོ་སྤྲོད་བྱས་ཡོད།
ཀུན་གླེང་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་འདྲེན་བྱས་ནས་ནུབ་ཆིངས་སྒྲིག་འཛུགས་རྒྱ་བསྐྱེད་བྱས་པའི་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།