ཀུན་གླེང་། ༢༠༢༢ ལོའི་ཟླ་༡༡ ཚེས་༡༦
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཀྱི་མཇལ་འཕྲད་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན། སྲིད་འཛིན་ཟུར་པ་ཊམ་བསྐྱར་དུ་སྲིད་འཛིན་ལ་ལངས་འཆར། ཡུ་རོབ་ཀྱིས་དོགས་ཅན་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་མཚམས་འཇོག ཨེ་སི་རལ་གྱིས་ཨུ་རུ་སུའི་ནང་གི་འཇིའུ་རྩིས་ལེན་བྱེད་པ་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་ལ་ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ཀྱི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ལ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་COP27 དང་བོད་ཀྱི་ཁོར་ཡུག་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།